ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས།


རྟའུ་ཉི་མཚོ་དགོན་པ་ཐོས་བམས་དར་རྒྱས་གླིང།
རྟའུ་ཉི་མཚོ་དགོན་པ་ཐོས་བམས་དར་རྒྱས་གླིང།
དེ་རིང་ཕྱི་ཟླ་༦་ཚེས་༡༡་ཉིན་ཁམས་རྟའུ་རྫོང་། ཉ་མཚོ་དགོན་པའི་ཉེ་འདབས་སུ་བཙུན་མ་ཞིག་གིས་གློ་བུར་དུ་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་འདུག་ཅིང་། རྒྱ་གཞུང་གི་ས་གནས་ཉེན་རྟོག་པ་ཚོས་འཕྲལ་དུ་རང་སྲེག་ངོ་རྒོལ་བ་བཙུན་མ་དེ་བཙན་འཁྱེར་བྱས་ནས་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་སྐྱེལ་འདུག་མོད། འོན་ཀྱང་ད་སྔ་བཙུན་མ་དེའི་མིང་དང་ལོ། སྡོད་གནས་དང་རང་ལུས་མེར་སྲེག་བཏང་བའི་སྐབས་སུ་སྐད་འབོད་ཅི་ཞིག་བྱས་ཡོད་མེད་སོགས་ཤེས་རྟོགས་བྱུང་མེད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ང་ཚོའི་གསར་འགྱུར་མཁོ་གཏོང་བ་བསོད་ནམས་ཚེ་རིང་ལགས་ཀྱིས་བཏང་བའི་གནས་ཚུལ་དེར་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG