ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་བར་ངོ་རྒོལ།


༄༅།། ཕྱི་ཟླ་༧་པའི་ཚེས་༡་ཉིན་རྒྱག་ནག་དམག་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་ཡོད་ཅིང་། བོད་ནང་གི་བོད་པ་ཚོར་རྒྱ་ནག་གཞུང་གིས་དུས་ཆེན་དེར་སྲུང་བརྩི་ཞུ་རུ་འཇུག་གི་ཡོད་ཀྱང་བཙན་བྱོལ་སྤྱི་ཚོགས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྣེ་ཁྲིད་འོག བཞུགས་སྒར་རྡ་རམ་ས་ལའི་བོད་རང་བཙན་སློབ་ཕྲུག་ཚོག་པའི་ལས་ཁུངས་མདུན་དུ་རྒྱལ་སྤྱི་དང་བོད་པའི་གསར་འགོད་པ་ཚོར་རྒྱ་གར་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིན་ཆེན་ཆོས་སྒྲོན་གྱིས་ཚང་མས་མཁྱེན་གསལ་ལྟར་དེ་རིང་གི་ཉིན་མོ་འདི་རྒྱ་ནག་དམར་ཤོག་ཚོགས་བཙུགས་ནས་ལོ་༡༠༠་འཁོར་བའི་ཉིན་མོ་རེད། ང་ཚོས་མུན་ནག་གི་ཉིན་མོ་འདི་ངོ་རྒོལ་བྱ་རྒྱུའི་གོ་སྐབས་ཡག་པོ་ཞིག་ལ་རྩི་བཞིན་ཡོད། ལོ་༡༠༠་འཁོར་བ་འདི་ང་ཚོའི་ངོས་ནས་བརྗེད་ཐབས་མེད་པ་དང་༧གོང་ས་མཆོག་ཕོ་བྲང་པོ་ཏ་ལར་ཞབས་སོར་མ་འཁོད་བར་དུ་མུ་མཐུད་ནས་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མི་མང་ལ་ཁ་རས་ནག་པོ་བཀྲམ་སྟེ་མེག་ལོར་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ། ཚོགས་གཙོ་བསྟན་འཛིན་སྒྲོལ་མས་དེ་རིང་གི་ཉིན་མོ་འདི་ནི་རྒྱ་ནག་གི་གཙུག་རྩུབ་དང་གཉའ་གནོན་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་དཔའ་བོ་དཔའ་མོ་རྣམས་དྲན་གསོ་དང་ཁོང་ཚོས་བློས་གཏོང་མཛད་རྗེས་ལ་ཡི་རང་། གདུང་སེམས་མཉམ་སྐྱེད་ཀྱི་ཉིན་ཞིག་ཀྱང་ཡིན་ཞེས་གསུངས་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG