དེ་རིང་སྤྱི་ཟླ་ལྔ་བའི་ཚེས་༣༠ཉིན། བོད་མདོ་སྨད་འཛམ་ཐང་བར་མ་ཡུལ་ཚོར་བྱིས་པ་གསུམ་གྱི་ཨ་མ་ཡིན་པའི་བུད་མེད་རི་ཀྱོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ས་གནས་མི་མང་གིས་རི་ཀྱོ་ལགས་ཀྱི་སྐུ་ཕུང་འཛམ་ཐང་དགོན་ཆེན་དུ་གདན་དྲངས་ཏེ་བསྔོ་སྨོན་གསོལ་འདེབས་བྱེད་བཞིན་ཡོད་འདུག ཡང་བུད་མེད་རི་ཀྱོ་ལགས་ནི་འཛམ་ཐང་བར་མ་ཡུལ་ཚོ་ནས་རང་ལུས་མེར་སྲེག་གཏོང་མཁན་མི་བཞི་བ་དེ་ཆགས་ཡོད་པ་བཅས་ཀྱི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་ཏེ་པྱོགས་སྒྲིག་བྱེད་ཡོད་པ་ཞིག་སྙན་སྒྲོན་ཞུ་གི་རེད།