ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༢/༠༨

རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་དང་འབྲེལ་བའི་རྩོམ་པ་པོ་འཛིན་བཟུང་བྱས་པ།


སྤྱི་ལོ་༢༠༡༢ལོའི་སྤྱི་ཟླ་༡ཚེས་༨ཉིན་མགོ་ལོག་དར་ལོག་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་མགོ་ལོག་སྟོང་སྐྱབས་དགོན་པའི་བླ་མ་བསོད་བྷ་ལགས་ཀྱི་མཛད་རྣམ་ཕྱོགས་སྒྲིག་དང་རང་སྲེག་ངོ་རྒོལ་གནང་མཁན་བོད་མི་སྤྱི་ལ་རྗེས་དྲན་གྱི་དཔེ་དེབ་རྩོམ་མཁན། མགོ་ལོག་སྟོང་སྐྱབས་དགོན་པའི་དགེ་འདུན་པ་ཁྲི་བཙུན་ལགས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་དང་། མགོ་ལོག་སྟོང་སྐྱབས་དགོན་པར་རྒྱ་ནག་ས་གནས་ལས་བྱེད་དང་དམག་མི་ཕོན་ཆེན་འབྱོར་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་བཞིན་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG