ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

བོད་ནང་རང་ལུས་མེར་སྲེག་གཏོང་མཁན་༡༠༦ པ་དེ་གཟའ་ཟླ་བའི་ཉིན་བྱུང་ཡོད་པ་རེད།


དེ་རིང་སྤྱི་ཚེས་༢༥་ཉིན་གྱི་ཉིན་གུང་ཆུ་ཚོད་དང་པོ་དང་ཕྱེད་ཀ་ཙམ་ལ་བོད་མདོ་སྨད་ཀླུ་ཆུ་རྫོང་དུ་མིང་ལ་ཚེ་གཟུངས་སྐྱབས་འབོད་པ་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་བོད་མིའི་རང་དབང་དང་ཐོབ་ཐང་རྩོད་ལེན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཁོང་ནི་ད་བར་ཡོངས་གྲགས་སུ་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་ནས་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་༡༠༦་པ་དེ་ཆགས་ཀྱི་ཡོད་རེད། དེའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG