ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཡུལ་ཤུལ་དུ་རང་ལུས་མེར་བསྲེག་གིས་ངོ་རྒོལ།


ཨ་དྲེལ་སྡེ་བ་ནས་ཡིན་པ་བསྟན་འཛིན་ཤེས་རབ་ལགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག དེ་ཡང་འདི་གར་གནས་འབྱོར་གསལ་ལྟར་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། ཨ་དྲེལ་སྡེ་བ་ནས་ཡིན་པ་བསྟན་འཛིན་ཤེས་རབ་ལགས་ཀྱིས་ཟླ་༥ ཚེས་༢༧ ཉིན་རྒྱ་རིང་ཟེར་སའི་ས་ཆ་ནས་རང་ལུས་མེ་བསྲེགས་གནང་འདུག ཁོང་གི་ཕ་མིང་ལ་དོན་འགྲུབ་དང་། མ་མིང་ལ་ཆོས་མས། སྤུན་མཆེད་ལྔ་ཡོད་པའི་ནང་ནས་ཆེ་བ། རང་ལོ་ ༣༡ རེད་འདུག ཁོང་མེར་བསྲེགས་བཏང་ནས་སྐུ་གྲོངས་པའི་རྗེས་སུ་མ་གཏོགས་རོགས་པ་ཚོས་ཤེས་རྟོགས་བྱུང་མི་འདུག་ལ། དེ་མ་ཐག་ཆུ་དམར་རྫོང་གི་སྤྱི་བདེ་ཉེན་རྟོགས་པ་འབྱོར་ནས་སྐུ་ཕུང་ཁུར་ཡོད་ཀྱང་། ཐ་མ་དེར་ཚེས་༢༨ ཉིན་ ཁོང་གི་ཕ་དོན་འགྲུབ་སོགས་སྐད་བཏང་སྟེ། སྐུ་ཕུང་ནང་མིར་རྩིས་སྤྲོད་གནང་འདུག འདས་པོ་དེས་ཉིན་འགའི་སྔོན་གྲོགས་པོ་ཁ་ཤས་ལ་རྒྱ་ནག་གི་སྲིད་ཇུས་ཡག་པོ་མེད་ཚུལ་དང་། མི་རིགས་ཀྱི་ཆོས་དང་རིགས་གཞུང་རྩ་རླག་འགྲོ་ཉེན་ཡོད་པ། ང་རང་ཚོ་རྒྱ་ནག་གི་དྲག་སྤྱོད་འོག་ནས་འདུག་ཐབས་བྲལ་བ་སོགས་ཀྱི་གླེང་མང་པོ་བྱས་ཡོད་འདུག མི་འགྱང་བར་སྐུ་ཕུང་དབོན་པོ་དགོན་ནང་དུ་འཁྱེར་འཆར་ཡོད་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG