ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་མིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་དོ་སྣང་བྱུང་མེད་པའི་རྒྱབ་ལྗོངས།


རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་དང་། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་ཆེད། ད་བར་བོད་ནང་གི་བོད་མི་སུམ་ཅུ་ལྷག་གིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད་ལ། འདས་པའི་ལོ་ངོ་དྲུག་ཅུ་ལྷག་རིང་གི་ལོ་རྒྱུས་ཁྲོད་དུ་མི་འབོར་གྱི་གྲངས་ཚད་གཞི་ལ་བཞག་ནས་སྡོམ་རྩིས་བརྒྱབ་ན་བོད་མིས་རང་ལུས་མེར་བསྲེགས་བཏང་བའི་གྲངས་འབོར་འདི་ནི་རང་ལུས་མེར་བསྲེགས་བཏང་བའི་རྣམ་གྲངས་མང་ཤོས་ཤིག་ཆགས་ཡོད་པ་ལ་གཞིགས་ཏེ་རྒྱལ་སྤྱིའི་ནང་དུ་དོ་སྣང་དང་གླེང་སློང་བྱེད་ཐུབ་མེད། ཅེས་དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྩོམ་ཡིག་ཅིག་ཐོན་ཡོད། བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་འདི་རྒྱལ་སྤྱིའི་ནང་དུ་ནུས་པ་ཐོན་པའི་བརྒྱུད་བསྒྲགས་སོགས་མ་ཐུབ་པའི་རྒྱུ་རྐྱེན་དང་ཡང་རང་ལུས་མེར་བསྲེགས་བཏང་བའི་རྐྱེན་གྱིས་ཆབ་སྲིད་ཀྱི་ལས་འགུལ་དང་འབྲེལ་བའི་ནུས་པ་དང་ཤུགས་རྐྱེན་ལ་སོགས་ཇི་ཡོང་ཐད་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG