ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

དབུས་བོད་མི་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་རྒྱ་ནག་དང་གྲོས་མོལ་གོ་སྒྲིག་ཡོང་བའི་རེ་སྐུལ།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཁ་ས་གཟའ་མིག་དམར་ཉིན་རྒྱ་གར་གྱི་ རྒྱལ་ས་ལྡི་ལི་གསར་པའི་ནང་བོད་དང་ཧི་མ་ལ་ཡའི་ཁོར་ཡུག་ གནད་དོན་གྱི་ཚོགས་ཆེན་ཐོག་གཏམ་བཤད་གནང་བའི་སྐབས་ སུ་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ཆོལ་ཁ་གསུམ་ལ་དོན་ དམ་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་ཀྱི་དབུ་མའི་ལམ་ལ་ བསྐྱོད་མུས་ཡིན་པ་དང་་རྒྱ་གར་གྱི་གཞུང་དང་མི་མང་གིས་ བོད་ཀྱི་དཀའ་རྙོག་སེལ་སླད་དུ་་རྒྱ་ནག་དང་མཉམ་དུ་གྲོས་ མོལ་བྱེད་ཐུབ་ཕྱོགས་ལ་སྨན་པའི་མཐུན་འགྱུར་བྱེད་དགོས་ པའི་སྐུལ་མ་གནང་ཡོད་པ་རེད།

XS
SM
MD
LG