ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བཙན་བྱོལ་བོད་མི་ཚོས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་བྱས་པ།


རྒྱ་གར་དང་བལ་ཡུལ་ནང་བཙན་བྱོལ་བོད་མི་ཚོས་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་ཆ་ཤས་ཤུགས་ཆེར་བླངས་འདུག་པ་དང་། བལ་ཡུལ་ནང་རྒྱལ་ས་ཀཐ་མན་ཌུའི་བདེ་འཇགས་མི་སྣས་འོས་བསྡུའི་ལས་རིམ་ལ་འགོག་རྐྱེན་བཟོས་པ་ཙམ་ལས་དེ་མིན་བཞུགས་སྒར་རྡ་རམ་ས་ལ་དང་ལྷོ་ཕྱོགས་གཞིས་ཆགས་ཁག་གཙོས་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་ཁུལ་ ༤༦ ནང་འོས་བསྡུ་ལེགས་པར་བྱེད་ཐུབ་འདུག བོད་མིའི་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་ཨ་རི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུ་དང་འབྲུག་ནང་མ་གཏོགས་དེ་མིན་རྒྱ་གར་དང་བལ་ཡུལ་ནང་འོས་བསྡུའི་ལས་དོན་ཚགས་ཚུད་ལྡན་པ་བྱུང་སོང་བ་དང་། ཏོག་དབྱིབས་ནད་དུག་གི་དཀའ་ངལ་ལ་གཞིགས་ནས་མང་ཚོགས་ཀྱི་འཕྲོད་བསྟེན་གལ་ཆེར་དགོངས་ནས་འོས་བསྡུའི་ས་ཚིགས་ཁ་བསྣོན་གསར་འཛུགས་གནང་བ་མ་ཟད། འོས་བསྡུ་བ་མང་ཚོགས་ཀྱིས་འགན་འཁུར་ལེགས་པོ་བླང་བར་བསྔགས་བརྗོད་གནང་གི་ཡོད་ཅེས་ཞེས་གསུངས་འདུག

ས་གནས་ཕལ་ཆེ་བའི་ནང་འོས་བསྡུའི་དེབ་བསྐྱེལ་བྱས་པ་བཞིན་འོས་ཤོག་འཕེན་མཁན་བྱུང་འདུག་པ་དང་། ས་གནས་སོ་སོའི་ནང་རེས་གཟའ་མིག་དམར་ནས་འོས་ཤོག་གྲངས་བཤེར་འགོ་འཛུགས་གནང་རྗེས་དབུས་འོས་བསྡུ་ལས་ཁང་ལ་གྲངས་ཐོ་འབུལ་དགོས་ཀྱིི་ཡོད་ཅིང་། དབུས་འོས་བསྡུ་ལས་ཁང་གིས་ཕྱོགས་བསྡོམས་གནང་རྗེས་སྤྱི་ཟླ་ ༢ ཚེས་ ༨ ཉིན་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་པ་དང་། ཕྱི་ཟླ་ ༤ ཚེས་ ༡༡ ཉིན་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་རྒྱུ་ཡིན་པ་རེད།


XS
SM
MD
LG