ངོ་འཕྲད་བདེ་བའི་དྲ་འབྲེལ།

རྡ་ས་ཨ་མདོ་དགའ་སྤྲོའི་ཐུག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་མདོ་དགའ་སྤྲོའི་ཐུག་པའི་སྦྱིན་བདག་གནམ་མཚོ་སྐྱིད་ལགས་ནི་སྤྱི་ལོ་༡༩༩༩ལོར་བོད་ནས་རྒྱ་གར་དུ་སླེབས་པ་དང་། སློབ་མཐར་ཕྱིན་རྗེས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཐུག་པའི་ཚོང་གཉེར་འགོ་འཛུགས་གནང་སྟེ་གཡས་གཡོན་གྱི་དགོན་སྡེ་དང་ཚོང་ཁང་། ཟ་ཁང་སོགས་ཀྱིས་ཨ་མདོ་དགའ་སྤྲོའི་ཐུག་པར་གདེང་འཇོག་ཚད་མཐོན་པོ་གནང་བཞིན་ཡོད།

ཨ་མདོ་དགའ་སྤྲོའི་ཐུག་པའི་སྦྱིན་བདག་གནམ་མཚོ་སྐྱིད་ལགས་ནི་སྤྱི་ལོ་༡༩༩༩ལོར་བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་སླེབས་པ་དང་། དེའི་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དང་ནོར་བུ་གླིང་གའི་མཐོ་སློབ་གཉིས་སུ་སློབ་མཐར་ཕྱིན་ཏེ། བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཐུག་པའི་ཚོང་གཉེར་འགོ་འཛུགས་གནང་བ་དང་། ཁོང་གི་ཨ་མདོ་དགའ་སྤྲོའི་ཐུག་པ་ལ་རིགས་མི་འདྲ་བ་བཞི་ཡོད་པ་དང་མི་མང་ཚོས་འདི་ལ་གདེང་འཇོག་དང་མཐོང་ཆེན་གནང་གི་ཡོད་པ་མ་ཟད། རྡ་རམ་ས་ལའི་གཡས་གཡོན་གྱི་དགོན་སྡེ་ཁག་དང་ཚོང་ཁང་ཟ་ཁང་གཙོས་པའི་ཧི་མ་ལའི་རིགས་རྒྱུད་སོགས་ཀྱིས་ཀྱང་མངག་ཉོ་གནང་བཞིན་ཡོད་པ་རེད་འདུག
XS
SM
MD
LG