ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྫ་དབོན་པོའི་བོད་པ་༡༡༧་འཛིན་བཟུང་བྱས་པ་རྣམས་གློད་མེད་པ།


༄༅།། ཉེ་ལམ་ཕྱི་ཟླ་༨་ཚེས་༢༢་ནས་ཕྱི་ཟླ་༩་ཚེས་༣་བར་དུ་རྒྱ་གཞུང་གི་ཉེན་རྟོག་པས་སི་ཁྲོན་ཞིང་ཆེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་། རྫ་ཆུ་ཁའི་རྫ་སྨད་དབོན་པོ་དགོན་གྲོང་གཉིས་སུ་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པའི་ཉེས་མིང་འོག་སྔ་ཕྱིར་བོད་པ་སེར་སྐྱ་མང་པོ་ཞིག་འཛིན་བཟུང་བྱས་པའི་གྲས་ཀྱི་མི་༡༡༧་ད་དུང་ཡང་གློད་གྲོལ་མ་བཏང་བར་ཉིན་གྲངས་༢༠་ལྷག་འགྲོ་བཞིན་ཡོད་ཅིང་། ཁོ་ཚོ་འཛིན་བཟུང་བྱས་པའི་གནས་ཚུལ་རྣམས་ཕྱི་ཕྱོགས་སུ་བརྒྱུད་བསྒྲགས་བྱས་པ་དང་ནང་ཁུལ་དུ་གླེང་སློང་བྱེད་མཁན་ཚོར་དམིགས་བསལ་གྱིས་འདྲི་རྩད་དང་རྡུང་རྡེག་དྲག་པོ་གཏོང་བ། མི་དེ་དག་གི་ཁ་པར་འཕྲོག་སྟེ་སྔོག་བཤེར་བྱེད་ཀྱི་ཡོད་པ་རེད་ཅེས་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་གསར་འགྱུར་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་འཛིན་བཟུང་བཀག་ཉར་འོག་ཏུ་ཡོད་པ་ཚོར་ཟ་མ་དང་གྱོན་ཆས་ཡག་པོ་མི་སྤྲོད་པ། ཉིན་ལྟར་འདྲི་རྩད་དང་ཆབ་སྲིད་སློབ་གསོ་ཟེར་བ་ཞིག་གཏོང་བཞིན་ཡོད་ཅིང་། ཁོ་ཚོའི་གྲས་ཀྱི་བུ་མོ་སྐར་སྒྲོན་ཞེས་པ་ཞིག་ལ་ནད་གཞི་ལྕི་མོ་ཞིག་ཕོག་སྟེ་སེར་ཤུལ་རྫོང་སྨན་ཁང་ལ་བསྟན་ཡང་དྲག་སྐྱེད་མ་བྱུང་བར་སེར་ཤུལ་རྫོང་སྨན་ཁང་དང་ཉེན་རྟོག་ལས་ཁང་ལ་སྨན་ཁང་གཞན་པར་སྟོན་དུ་འགྲོ་ཆོག་པའི་ཆོག་མཆན་ཞུས་ཀྱང་ཆོག་མཆན་སྤྲད་མ་སྤྲད་པར་དཀའ་ངལ་འཕྲད་བཞིན་འདུག ས་ཁུལ་དེའི་བོད་པ་ཚོར་སྔར་བཞིན་གང་བྱུང་ཞིབ་བཤེར་དང་འདྲི་རྩད། ས་གནས་གང་སར་དམག་མི་འགྲེམ་འཇོག་མུ་མཐུད་ནས་བྱས་འདུག ཕྱི་ཟླ་བརྒྱད་པའི་ཚེས་༢༢་ནས་ཕྱི་ཟླ་༩་པའི་ཚེས་༣་བར་དུ་སྔ་རྗེས་སུ་བོད་པ་༡༢༡་འཛིན་བཟུང་བྱས་པའི་ཁོངས་ནས་མི་སྐྱ་སྐྱེས་པ་གཉིས་དང་བུད་མེད་གཅིག གྲྭ་པ་གཅིག་བཅས་མི་༤་གློད་གྲོལ་བཏང་འདུག ད་དུང་ཡང་བོད་པ་༡༡༧་གློད་གྲོལ་མ་བཏང་བར་སེར་ཤུལ་རྫོང་དུ་བཀག་ཉར་བྱས་ཤིང་། ཁོ་ཚོ་ག་དུས་གློད་གྲོལ་གཏོང་གི་ཡོད་མེད་སོགས་གསལ་ཁ་གང་ཡང་མི་འདུག་ཅེས་འགྲེལ་བརྗོད་གནང་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG