ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གཞུང་གིས་མུ་མཐུད་དུ་རྫ་དབོན་པོ་ཡུལ་ཚོར་དམ་དྲག


༄༅།། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ཀྱི་རྫ་དབོན་པོ་ཡུལ་ཚོར་དམ་དྲག་བྱེད་བཞིན་ཡོད་ཅིང་། རྒྱ་གཞུང་གི་དམ་དྲག་དེར་ངོ་རྒོལ་དང་བོད་པ་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་ནན་བརྗོད་བྱས་འདུག ད་ལོའི་ཕྱི་ཟླ་༨་པའི་ཚེས་༢༣་ནས་ཕྱི་ཟླ་༩་ པའི་ཚེས་༧་བར་དུ་རྒྱ་ནག་ཞུང་གིས་བོད་མདོ་ཁམས་རྫ་ཆུ་ཁ། རྫ་དབོན་པོ་སྡེ་པའི་བོད་པ་སྐྱ་སེར་ཕོ་མོ་༡༠༠་ལྷག་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་དང་བཀག་ཉར་བྱས་པའི་གནས་ཚུལ་ཐོན་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བས་རྒྱ་ནག་གཞུང་གིས་མུ་མཐུད་དུ་རྫ་དབོན་པོ་སྡེ་པར་དམག་མི་མང་དག་ཅིག་འགྲེམ་འཇོག་དང་ཡུལ་མི་ཚོའི་འགྲོ་སྐྱོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པར་སེམས་འཚབ་བྱེད་དགོས་པ་ཞིག་རེད་ཅེས་བསྟན། ཁ་སྔོན་ཕྱི་ཚེས་༣༡་ཉིན་ནས་རྫ་སྨད་ས་གནས་སྲིད་གཞུང་གིས་རྫ་དབོན་པོ་དགོན་པར་དོ་དམ་ལས་ཁུངས་ཞེས་པ་ཞིག་ཆེད་འཛུགས་ཀྱིས་ཉིན་ལྟར་ལོ་ན་༡༨་ཡན་ཆད་ཀྱི་གྲྭ་བཙུན་༢༠་ཡས་མས་རེ་འབོད་འགུགས་བྱས་ནས་དོ་བདག་སོ་སོར་ནག་ཉེས་མེད། ཕྱི་ཕྱོགས་སུ་འབྲེལ་བ་བྱས་མྱོང་མེད། ཁ་པར་ནང་དུ་ཆབ་སྲིད་ཀྱི་སྐད་ཆ་བཤད་མྱོང་མེད། རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་འཛོལ་བྱས་མྱོང་མེད་ཅེས་དག་སྐྱེལ་བྱེད་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG