ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིས་ཅིན་ཕིང་གི་དབང་སྒྱུར་འོག་བོད་རིག་པའི་གནས་སྟངས་ལ་འགྱུར་ལྡོག


༄༅།། བོད་རྒྱལ་ཁབ་དེ་རྒྱ་ནག་དམར་ཤོག་གིས་བཙན་བཟུང་བྱས་ནས་མི་ལོ་བདུན་ཅུའི་རིང་བོད་རྒྱལ་ཁབ་དེ་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ཚུལ་གྱི་སྒྲུབ་བྱེད་དུ་བོད་གྱི་ལོ་རྒྱུས་ལ་འཁྱོག་བཤད་དང་སྲིད་འབྱོར་རིག་གསུམ་གང་ཅིའི་ཐད་བོད་ནི་རྒྱ་ནག་གི་ཁོངས་གཏོགས་འཁྲུལ་མེད་ཅིག་ཡིན་ཞེས་སྒྲོགས་ཀྱི་ཡོད་ཅིང་། ད་ལྟའི་རྒྱ་ནག་སྲིད་གཞུང་གི་དབང་སྒྱུར་འོག་བོད་ནང་གི་སྤྱི་ཚོགས་ཡར་རྒྱས་དང་མི་མང་གི་འཚོ་བ་བདེ་སྐྱིད་ལྡན་ལུགས་ཀྱི་དྲིལ་བསྒྲགས་སྣ་མང་སྤེལ་ཏེ་ཞིས་ཅིང་ཕིང་གི་དབང་སྒྱུར་འོག་ཏིན་ཞའོ་ཕིང་གིས་ཅུང་ཟད་གུ་ཡངས་ཀྱི་ལམ་སྲོལ་ཞིག་གཏད་པའི་བཅོས་འགྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལ་འགྱུར་ལྡོག་ཐེབས་ཏེ་སྔར་ལས་ལྷག་པའི་དམ་བསྒྲགས་དང་དྲིལ་བསྒྲགས་ཀྱི་ནུས་ཤུགས་ཆེ་རུ་གཏོང་གི་ཡོད་པར་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཕྱོགས་ཡོངས་ནས་རྒྱ་ནག་ཅན་དུ་སྒྱུར་ཐབས། བོད་རིག་པའི་ཉམས་ཞིབ་ཁག་ཀྱང་ཆབ་སྲིད་ཀྱི་ལག་ཆ་རྐྱང་པའི་ཐོག་ཏུ་རྒྱ་ནག་མི་རིགས་ཐུན་མོང་གི་འདུ་ཤེས་སྲ་བརྟན་གཏོང་ཐབས། རྒྱ་ནག་མི་རིགས་གཅིག་གྱུར་གྱི་འདུ་ཤེས་དར་སྤེལ་དང་ས་མཚམས་བརྟན་བརླིང་གི་ཆ་ཤས་འཁྲུལ་མེད་ཆགས་དང་ཆགས་མུས་ཡིན་པའི་སྐོར། ཚེ་རིང་དབང་མོ་ལགས་ཀྱིས་གནས་སྟངས་དེར་གསལ་རྟོགས་ཡོད་མཁན་ཞིག་ལ་བཅར་འདྲི་ཞུས་ནས་གནས་ཚུལ་་ཕྱོགས་བསྒྲིགས་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG