ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ལོག་བཤད་ཐེར་འདོན་གྱི་དྲི་ཚིགས་གསར་པ་སྒོ་འབྱེད།


༄༅།། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་ཉིན་ལྟར་རྒྱ་ནག་གི་འཁྱོག་བཤད་དང་ལོག་བཤད་སོགས་ལ་གླེང་སློང་ཆེན་པོ་འབྱུང་བཞིན་པའི་སྐབས་འདིར་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ཟླ་༡༢་པའི་ཚེས་༢་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱ་གར་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་དུ་རྒྱ་གཞུང་གི་ལོག་བཤད་ཁག་ཐེར་འདོན་བྱེད་པར་རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་ཞེས་པའི་དྲ་ཚིགས་གསར་པ་ཞིག་སྒོ་འབྱེད་བྱས་ཡོད་ཅིང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་དང་རྒྱ་གར་གྱི་གསར་འགོད་པ་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་ཝྭི་ཇཱེ་ཀ་རན་ཏི་སོགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་སྲིད་བྱུས་དང་འཆར་གཞི་ཁག་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འཛམ་གླིང་ཡོངས་ལ་ཉེན་ཁ་ཆེན་པོ་ཞིག་རེད། ལྷག་པར་དུ་འགན་འཛིན་ཚེ་རིང་མཚོ་མོས་བོད་ནི་རྒྱ་ནག་དང་ཁྱིམ་མཚེས་ཡིན་པས་རྒྱ་ནག་གི་སྤྱོད་པར་རྒྱུས་མངའ་ཟབ་ཤོས་དེ་བོད་པ་ཚོ་ཡིན། ལྟེ་གནས་ཁང་འདིའི་དྲི་ཚིགས་སུ་རྒྱ་གཞུང་གི་ལོག་བཤད་དྲིལ་བསྒྲགས་ཀྱི་རྗོད་ཚིག་ཁག་བཀོད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ངོ་སྤྲོད་བྱས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཀུན་སློང་དང་དམིགས་ཡུལ་ངོ་མ་ཅི་ཡིན་གསལ་བཀྲོལ་བྱས་ཡོད་ཅེས་བསྟན།།

བོད་དོན་རྒྱབ་སྐྱོར་བ་དང་རྒྱ་གར་གྱི་གསར་འགོད་པ་ཟུར་པ་ཝྭི་ཇཱེ་ཀ་རན་ཏིས་རྒྱ་ནག་གི་རྒྱ་གར་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་སུན་གཙེར་བཟོ་བཞིན་ཡོད་པས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་ངན་པ་རྣམས་གསལ་སྟོན་བྱེད་པར་དྲྭ་ཚིགས་འདི་བོད་པའི་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལེགས་སྐྱེས་ཤིག་རེད། དྲྭ་ཚིགས་འདིས་རྒྱ་གཞུང་གི་སྲིད་བྱུས་གཏན་འབེབས་བྱེད་མཁན་ཚོ་དང་རྒྱལ་ཁབ་ཀྱི་བདེ་འཇགས། རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་རྣམས་ཁོ་ན་མིན་པར་གསར་འགོད་པ་དང་ཚོང་པ། ཕྱོགས་མང་པོ་ཞིག་ལ་རྒྱ་ནག་གི་ངོ་གདོང་གསལ་རྗེན་དུ་སྟོན་ཐུབ་པའི་རྒྱུ་ཆ་གལ་ཆེན་རྣམས་འདུས་འདུག་ཅེས་བཀྲལ།།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ལྡི་ལིར་དྲྭ་ཚིགས་གསར་པ་འདི་སྒོ་འབྱེད་བྱས་ནས་ལྡི་ལིར་བཅའ་སྡོད་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁག་གི་འབྲེལ་ཡོད་ལས་སྣེ་རྣམས་དང་རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་ཚོར་ཐུག་འཕྲད་ཀྱིས་དྲྭ་ཚིགས་དེར་བགྲོ་གླེང་དང་དྲྭ་ཚིགས་དེའི་ཕན་ཡོན་རྣམས་ངོས་ཟིན་སོང་ཞེས་འགན་འཛིན་ཚེ་རིང་མཚོ་མོས་གསར་འགོད་པར་འགྲེལ་བརྗོད་གནང་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དབྱིན་སྐད་དང་བོད་སྐད་ཀྱི་དྲྭ་ཚིགས་གཉིས་སྒོ་འབྱེད་བྱེད་ཡོད་པ་དེ་དག་གི་ནང་དུ་རྒྱ་ནག་དམར་ཚོགས་པའི་འཁྱོག་བཤད་ཀྱི་དྲིལ་བསྒྲགས་དང་རྗོད་ཚིག་མི་འདྲ་བ་༥༠༠་ཙམ་འདུས། ཁོ་ཚོས་རིམ་བཞིན་རྒྱ་ཡིག་གི་དྲྭ་ཚིགས་ཤིག་ཀྱང་སྒོ་འབྱེད་བྱ་འཆར་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG