ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་དོན་ལས་འགུལ་བས་པེ་ཅིང་གི་དགུན་དུས་ཨོ་ལིམ་ཕིཀ་རྩེད་འགྲན་ལ་ངོ་རྒོལ་བྱས་པ།


༄༅།། རེས་གཟའ་ཟླ་བའི་ཉིན་གྷེ་རི་སིའི་རྒྱལ་ས་ཨེ་ཐན་སི་གྲོང་ཁྱེར་དུ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་དཔལ་འབར་དེ་མགྲོན་བདག་རྒྱལ་ཁབ་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་སྐབས་སུ་བོད་པ་གཅིག་དང་བོད་དོན་དང་ཝི་གུར་བར་རྒྱབ་སྐྱོར་བྱེད་མཁན་ཕྱི་རྒྱལ་བ་གཉིས་བཅས་མི་གསུམ་གྱིས་ངོ་རྒོལ་བྱས་ནས་ད་དུང་ཡང་ལས་འགུལ་བ་དེ་དག་དོ་དམ་བཀག་ཉར་བྱེད་ཡོད་ཅིང་། རེས་གཟའ་མིག་དམར་ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོ་བོས་ཡུ་གུར་བ་དང་ཧོང་ཀོང་བ་བཅས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་པ་བཅས་ཀྱི་སྐོར།

ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འབྲེལ་མཐུད་པ་བློ་བཟང་ཚེ་བརྟན་ལགས་སུ་ཀུན་བཟང་སྒྲོལ་མས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG