ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

རྒྱ་གར་གྱི་མཐོ་སློབ་ཁག་ནང་ཉིན་བརྒྱའི་བོད་དོན་སྐོར་སྐྱོད་ལས་འགུལ་སྤེལ་བཞིན་ཡོད་པ།


རྒྱ་གར་གྱི་མཐོ་སློབ་ཁག་ནང་ཉིན་བརྒྱའི་བོད་དོན་སྐོར་སྐྱོད་ལས་འགུལ་སྤེལ་བཞིན་ཡོད་པ།
རྒྱ་གར་གྱི་མཐོ་སློབ་ཁག་ནང་ཉིན་བརྒྱའི་བོད་དོན་སྐོར་སྐྱོད་ལས་འགུལ་སྤེལ་བཞིན་ཡོད་པ།

བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་༢༠༢༣་ཕྱི་ཟླ་༡༡ ཟླ་མཇུག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་འགོ་འཛུགས་ཀྱིས་རྒྱ་གར་གྱི་མངའ་སྡེ་དང་གྲོ་ཁྱེར་ཁག་ནང་རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཁག་ནང་དུས་ཡུན་ཉིན་༡༠༠ ཡི་བོད་དོན་སྐོར་སྐྱོད་ཀྱིས་བོད་དོན་གོ་རྟོག་སྤེལ་བའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང་ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་ཀྱི་ཀེ་ར་ལ་མངའ་སྡེའི་ནང་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཁག་ནང་དུས་ཡུན་ཉིན་100ཡི་བོད་དོན་སྐོར་སྐྱོད་
རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཁག་ནང་དུས་ཡུན་ཉིན་100ཡི་བོད་དོན་སྐོར་སྐྱོད་

འདས་པའི་ཉིན་ ༦༧ ནང་ཁོང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། པུ་ན། ཕན་ཆ་ཅ་གྷ་ནི་ མོམ་བྷེ། རྡོ་རྗེ་གདན། ལྦ་ར་ན་སི། སྦེང་ལོར། མའེ་སོར། སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ། ཀེ་ར་ལའི་གྲོང་ཁྱེར་ཐྲི་རི་ལྦན་ཌརམ། ཁོ་ཆི། ཀོ་ཛི་ཀོ་ཌ། བཅས་ཕྱི་ཟླ་གཉིས་པའི་ཚེས་༦ བར་ས་གནས་ཁག་བཅུ་གསུམ་ནང་ཉིན་གྲངས་༦༧ ལས་འགུལ་སྤེལ་ཡོད་པ་རེད།མཉམ་དུ་བོད་དོན་འཐབ་རྩོད་དང་འབྲེལ་བའི་དཔེ་དེབ་《དེང་རབས་བོད་ཡིག་སྙན་རྩོམ་ཕྱོགས་བསྒྲིགས་》#Kora》དང་《འགྲོ་ས་མེད་པ་》ཞེས་པ་སོགས་འགྲེམས་ཚོང་གནང་ཐུབ་ཡོད་པ་མ་ཟད་དཔེ་དེབ་དེ་དག་ཁག་ཅིག་མཐོ་རིམ་སློབ་གྲྭ་དེ་དག་གི་སློབ་ཚན་ནང་དུ་ཡང་བཞག་ཡོད་པ་རེད་འདུག ཀེ་ར་མངའ་སྡེའི་ནང་གི་ལས་འགུལ་གྲུབ་རྗེས་ལོ་གསར་རྗེས་སུ་སྦེང་ལོར་དང་ལྡི་ལི་ཨོ་རིས་ས་དང་སྦན་ད་ར་མན་པ་ཏ་བཅས་བོད་མིའི་གཞིས་ཆགས་ཁང་གི་བོད་པའི་སློབ་ཕྲུག་ཚོར་དབྱིན་ཡིག་ཐོག་རྩོམ་ཡིག་འབྲི་སྟངས་ཟབ་སྦྱོང་ཞིག་སྤྲོད་རྒྱུ་དང་དེ་ནས་ཀ་རྡོར་སྒང་གསུམ་དང་སྦོམ་སྦེ་གྲོང་ཁྱེར་ཅན་དི་སྒར་བཅས་ནང་རིམ་པས་སྐོར་སྐྱོད་ལས་འགུལ་སྤེལ་ཏེ་ཕྱི་ཟླ་གསུམ་པའི་ཟླ་མཇུག་ཏུ་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ལོག་གནང་གི་ཡོད་པ་རེད་འདུག

གླེང་སྟེགས།

XS
SM
MD
LG