ངོ་འཕྲད་བདེ་བའི་དྲ་འབྲེལ།

ཚེ་རིང་འོད་ཟེར་བཟང་བཙོན་ནམ་འགྲོ་བསྐྱོད་རང་དབང་མེད་པར་འགྱུར་ཡོད་འདུག


བོད་མིའི་གནས་བབས་ཀྱི་སྐོར་ལ་རྩོམ་ཡིག་འབྲི་མཁན་པེ་ཅིན་དུ་གནས་སྡོད་ཚེ་ རིང་འོད་ཟེར་ལགས་དང་ཁོང་གི་བཟའ་ཟླ་ཝང་ལི་ཞུང་གཉིས་ཁ་སང་ཚེས་ བདུན་གྱི་ཕྱི་དྲོ་ནས་རང་གི་སྡོད་ཕྱི་ལ་འགྲོ་བསྐྱོད་ཀྱི་རང་དབང་མེད་པར་གྱུར་ ཡོད་པ་དང་། ཚེ་རིང་འོད་ཟེར་ལགས་ཀྱིས་དྲ་རྒྱའི་བརྒྱུད་དུ་རང་ཉིད་བཟང་བཙོན་དུ་ཚུད་ཡོད་པའི་གནས་ཚུལ་སྤེལ་འདུག འདི་ནི་ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་ཇོནཀེ་རི་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕེབས་ཏེ་རྒྱ་ནག་དང་ཨ་མེ་རི་ཀའི་བར་གྱི་ཆབ་སྲིད་དང་དཔལ་འབྱོར་ཐད་ཀྱི་ལོ་རེའི་གྲོས་མོལ་བྱེད་པའི་དུས་སྐབས་སུ་འཁེལ་ཡོད་པ་རེད། འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

XS
SM
MD
LG