ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་མིས་ཀུ་ཤུ་བཟོ་ཚོང་ཁང་ལ་ངོ་རྒོལ་བྱེད་པ།


ཉེ་ཆར་སྙན་ཐོ་ཞིག་གི་ནང་དུ། རྒྱ་ནག་གི་ནང་ཡོད་པའི་ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་གི་ཡན་ལག་ཞིག་ཏུ་ལས་བཟོ་བ་བསྡུ་ལེན་བྱེད་པའི་སྐབས་བོད་མི་དང་ཞིན་ཅང་ཡུ་གུར་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་ལས་བཟོ་བར་ལས་ཀ་སྤྲོད་རྒྱུ་བཀག་སྡོམ་བྱེད་བཞིན་ཡོད་པར་བརྟེན། ཨ་མེ་རི་ཀའི་གྲོང་ཁྱེར་ཉེའུ་ཡོག་ནང་ཡོད་པའི་ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་གསུམ་གྱི་སྒོ་མདུན་དུ། མི་རིགས་དབྱེ་འབྱེད་དང་ལས་བཟོ་བའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་ཐད་བོད་མི་ཚོས་ངོ་རྒོལ་བྱས་ཡོད་པའི་སྐོར་ས་གནས་ནས་འདི་ཀ་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད། །
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG