ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

གཙོད་དང་བླ་བྲང་དུ་དམག་མི་འབོར་ཆེན་སླེབས་པ་དང་བློ་བཟང་ཚུལ་ཁྲིམས་སྐུ་གྲོངས་པ།


མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་དམག་མི་དང་ཉེན་རྟོག་པ་འབོར་ཆེན་འབྱོར་ཏེ། བཀྲ་ཤིས་འཁྱིལ་གྱི་དགེ་འདུན་པ་རྣམས་གཙོད་དགོན་པ་དང་སྒྲོལ་དཀར་མཚོའི་ཕ་ཡུལ་ལ་གདུང་སེམས་མཉམ་བསྐྱེད་གནང་བར་ཕེབས་བཞིན་པ་བཀག་འགོག་བྱས་པ་དང་། ཡང་གཙོད་དགོན་པར་ཉེན་རྟོག་པ་དང་དམག་མི་ཡོང་ནས། དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་པས། དགེ་འདུན་པ་དང་སྐྱ་སེར་ཕོ་མོ་མཉམ་དུ་ཡར་ལངས་བྱ་རྒྱུ་ཡིན་པའི་གྲ་སྒྲིག་བྱེད་བཞིན་པ་དང་། ཡང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྒྲོལ་དཀར་འཚོ་ནི་བཟའ་ཚང་གི་བར་དུ་འགལ་ཟླ་བྱུང་སྟེ་སེམས་ཁམས་བདེ་བོ་མེད་པར་རང་སྲོག་བཅད་པ་རེད་ཅེས་གནས་ཚུལ་སྤེལ་ཡོད་པ། ད་དུང་ཚེས་དྲུག་ཉིན་རང་ལུས་མེར་བསྲེགས་སྐབས་རྒྱ་ནག་གིས་བཙན་ཁྲིད་བྱས་པའི་ཀི་རྟི་དགོན་པའི་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་འདས་གྲོངས་སུ་ཕྱིན་པ་རེད་ཅེས་རྒྱ་ནག་གིས་ནང་མི་ལ་རུས་ཐལ་ཞིག་སྤྲད་ཡོད་པ་བཅས་ཀྱི་སྐོར་ལ། ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG