བོད་ནང་བོད་མི་མང་པོ་ཞིག་གིས་རྒྱ་ནག་གཞུང་གི་དམ་དྲག་གི་སྲིད་ཇུས་ལ་ངོ་རྒོལ་བྱ་རྒྱུར་རང་ལུས་ལ་མེ་སྤར་ཏེ་འདས་གྲོངས་སུ་འགྱུར་གྱི་ཡོད་ན་ཡང་རྒྱ་ནག་གཞུང་གིས་དེ་བས་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད་བྱ་སྤྱོད་དེ་ཚོ་ནི་ཕྱི་རྒྱལ་དུ་ཡོད་པའི་སྒྲིགས་འཛུགས་ཁག་དང་གོང་ས་ཏ་ལའི་བླ་མ་མཆོག་གིས་ངན་སྐུལ་བྱས་པ་རེད་ཅེས་ད་རེས་ཀྱི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཟེར་བའི་ཚོགས་འདུའི་ཞོར་ལ་གསར་འགོད་པ་ཚོར་རྒྱ་ནག་གཞུང་གིས-འབྲེལ་རྗོད་བྱས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་ william ide ཡིས་བཏང A་བའི་གནས་ཚུལ་དེ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞ྄ུས་གནང་གི་རེད།