ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་མིའི་ཞུ་སྐུལ་ཉིན་མོ།


ཨ་མི་རི་ཀའི་བོད་པ་ཚོས་ལོ་ལྟར་རང་གི་ས་གནས་ནས་འདེམ་ཐོན་བྱུང་བའི་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོར་བོད་དོན་སྐོར་ཞུ་སྐུལ་བྱེད་པའི་ལས་འགུལ་སྤེལ་སྲོལ་ཡོད་ཅིང་། དེ་རིང་ཕྱི་ཟླ་༣་ཚེས་༡༩་དང་སང་ཉིན་ཚེས་༢༠་གཉིས་ཕྱི་ལོ་༢༠༡༢་ལོའི་ཨ་མི་རི་ཀའི་བོད་པ་ཚོའི་བོད་དོན་ཞུ་སྐུལ་བྱེད་པའི་ཉིན་མོ་ཡིན་པ་དང་། ད་ལོའི་ཞུ་སྐུལ་ཉིན་མོའི་ལས་འགུལ་འདི་སུས་གོ་སྒྲིག་བྱས་ཡོད་མེད་དང་ལོ་འདིའི་ཞུ་སྐུལ་ལ་དོན་ཚན་ཅི་ཙམ་ཡོད་མེད་བཅས་ལ་ཚེ་རིང་སྐྱིད་ཀྱིས་ཞུ་སྐུལ་ལས་འགུལ་ལ་རྒྱུས་མངའ་ཡོད་པའི་ང་ཚོའི་གསར་ཁང་གི་གསར་འགོད་པ་རྒན་པ་པདྨ་བདེ་ཆེན་ལ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG