ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རི་སྐུ་ཚབ་དོན་གཅོད་བོད་ཀྱི་ཐེབས་རྩ་ཁང་གི་རྒྱུན་ལས་འགན་འཛིན་ལ་བསྐོ་བཞག


ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས། ཕྱི་ཟླ་༩ཚེས་༡ནས་བཟུང་བོད་ཀྱི་ཐེབས་རྩ་ཁང་གི་རྒྱུན་ལས་འགན་འཛིན་གྱི་འགན་བཞེས་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་བོད་ཀྱི་ཐེབས་རྩ་ཁང་ནས། དྲྭ་ལམ་བརྒྱུད་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱིས། ཨ་རིར་བཅའ་བཞུགས་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས། ཐེབས་རྩ་ཁང་གི་རྒྱུན་ལས་འགན་འཛིན་དུ་བསྐོ་བཞག་བྱས་པའི་གསལ་བསྒྲགས་ཤིག་གནང་ཡོད་པའི་ སྐོར་ནེའུ་ཡོག་ནས་གསར་འགོད་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་སྤེལ་བའི་གནས་ཚུལ་ཞིག་གསན་གྱི་རེད།
XS
SM
MD
LG