ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ཕྱི་ཟླ་༡༠་ཚེས་༣༠་ཉིན་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ལ་རླངས་འཁོར་གྱིས་རྡུང་ག་རྒྱག་མཁན་དེ་ཞིན་ཅང་གི་ཡུ་གུར་པ་ཡིན་པ་དང་། མོ་ཊའི་ནང་གི་མི་དེ་དག་རླངས་འཁོར་ཁ་ལོ་བ་དང་ཁ་ལོ་བའི་ཆུང་མ། ཁོའི་ཨ་མ་བཅས་ཁྱིམ་ཚང་གཅིག་གི་མི་ཡིན་ཞིང་། ཁོ་ཚོའི་རླངས་འཁོར་གྱི་ཨང་རྟགས་ཀྱང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་རླངས་འཁོར་ཨང་རྟགས་རེད་ཁྱབ་བསྒྲགས་བྱས་ཏེ། ཕྱི་ཟླ་༡༠་ཚེས་༣༡་ནས་རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཡོངས་སུ་དམ་དྲག་བྱེད་རྒྱུ་ཤུགས་ཆེ་རུ་བཏང་བ་དང་། རྒྱ་གཞུང་གི་ཉེན་རྟོག་པ་ཚོ་ཆོས་ལུགས་ཀྱི་ཚོར་སྐྱེན་རྣོ་བའི་ཁྱིམ་ཚང་ཁག་ཅེས་མིང་འདོགས་བྱེད་ཡོད་པའི་ཡུ་གུར་པའི་ཁྱིམ་ཚང་ཁག་ལ་གློ་བུར་དུ་འཛུལ་ནས་སྔོག་བཤེར་བྱས་པ་དང་འདྲི་རྩད་བྱེད་ཀྱི་ཡོད་པ་རེད།།
XS
SM
MD
LG