ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་གཙོ་བོར་བྱས་ཏེ་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་གཙུག་ལག་སློབ་ཁང་ཞེས་པ་དེ་དྲ་རྒྱའི་བརྒྱུད་ལམ་དུ་བསྐྱར་གསོ་བྱེད་ཡོད་ཀྱང་། ཆུ་ཚོད་བཅུ་ཙམ་མ་སོང་བར་རྒྱ་ནག་སྐམ་སའི་ནང་དུ་དྲ་ཚིགས་འདི་བཀག་འགོག་བྱས་ཡོད་པ་རེད། དམངས་གཙོའི་གཙུག་ལག་སློབ་ཁང་འདི་ནི་སྤྱི་ལོ་༡༩༨༩ལོའི་སྤྱི་ཟླ་དྲུག་པའི་ཚེས་༣་ཉིན་རྒྱལ་ས་པེ་ཅིན་དུ་ཡོད་པའི་རྒྱ་ནག་གི་གཙུག་ལག་སློབ་ཁང་གི་དགེ་སློབ་ཁྲི་སྟོང་མང་པོས་དམངས་གཙོའི་ལས་འགུལ་སྤེལ་བར་འབོད་ཀྱིན་ཡོད་ལ། མི་ལོ་༢༠ལྷག་གི་རྗེས་སུ་སྐབས་དེའི་ལས་འགུལ་ལ་མཉམ་ཞུགས་གནང་མཁན་ཚོས་དྲ་ཐོག་ནས་གཙུག་ལག་སློབ་ཁང་དེ་བསྐྱར་གསོ་བྱས་པ་ཡིན་པ། འདིའི་ཐད་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG