ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༡/༡༧

བསང་ཁོག་གི་རང་སྲེག་ངོ་རྒོལ་བ་ཐུབ་དབང་སྐྱབས།


ཐུབ་དབང་སྐྱབས།
ཐུབ་དབང་སྐྱབས།
ཕྱི་ཟླ་༡༠་ཚེས་༢༦་གི་དགོང་མོར་ཆུ་ཚོད་༨་ཡས་མས་སུ་བོད་ཀྱི་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱེལ་གྱི་ལྷ་སྡེ། བསང་ཁོག་གསེར་ཁྲི་རུ་ཁག་བཞི་བའི་མགོ་བྷ་ཚང་གི་བུ་མོའི་མག་པ་ཐུབ་དབང་སྐྱབས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། རྒྱལ་བ་རིན་པོ་ཆེ་བོད་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས། པཎ་ཆེན་སྐུ་ཕྲེང་༡༡་པ་བཟང་བཙོན་འོག་ནས་གློད་གྲོལ་གཏོང་དགོས་ཞེས་ངོ་རྒོལ་བྱས་ནས་འདས་གྲོགས་སུ་གྱུར་པའི་གནས་ཚུལ་ཁྱབ་བསྒྲགས་ཟིན་མོད། འོན་ཀྱང་སྐབས་དེའི་ང་ཚོས་རང་སྲེག་ངོ་རྒོལ་བ་དེར་མིའི་གསལ་བོ་ཞིག་ཤེས་རྟོགས་་མ་ཐུབ་པར་ཚེ་དཔག་སྐྱབས་ཞེས་གནས་ཚུལ་རྒྱང་སྲིང་ཞུས་ཡོད། ད་ལྟ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཁུངས་ལྡན་གནས་ཚུལ་འབྱོར་པ་ལྡར་ན། བསང་ཁོག་གི་རང་སྲེག་ངོ་རྒོལ་བ་དེའི་མིང་ལ་ཚེ་དཔག་སྐྱབས་མིན་པར་ཐུབ་དབང་སྐྱབས་ཡིན་པ་དང་འདས་པོ་དེ་རང་ལོ་༢༣་ཡིན་འདུག སང་ཉིན་ཕྱི་ཚེས་༣༠་འམ། ཡང་ཕྱི་ཚེས་༣༡་གང་རུང་ལ་རང་སྲེག་ངོ་རྒོལ་བ་ཐུབ་དབང་སྐྱབས་ཀྱི་ཕུང་པོ་དུར་སར་སྐྱེལ་འཆར་ཡོད་པ་དང་། ཐོག་མར་བླ་བྲང་དགོན་པའི་གྲྭ་དམངས་བསང་ཁོག་ལ་སྨོན་ལམ་གསུང་དུ་ཕེབས་རྩིས་བྱས་ཀྱང་གུང་ཐང་ཟམ་ཁར་རྒྱ་གཞུང་གི་ཉེན་རྟོག་པ་ཚོས་གྲྭ་དམངས་སྨོན་ལམ་གསུང་དུ་མ་བཏང་བས་གྲྭ་དམངས་དང་རྒྱ་གཞུང་གི་ཉེན་རྟོག་པ་ཚོ་ལག་འཛིང་ཐུག་གྲབས་ཏེ། བསང་ཁོག་གི་རྒད་པོ་ཚོ་ཡོང་སྟེ་གྲྭ་དམངས་སྨོན་ལམ་གསུང་དུ་མ་བཏང་ན་འཁྲུག་འཛིང་ཤོར་ན་ལན་ཁག་གཞུང་གི་ཉེན་རྟོག་པས་འཁུར་དགོས་ཞེས་ཉེན་བརྡ་བཏང་བར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་བླ་བྲང་དགོན་པའི་གྲྭ་དམངས་བསང་ཁོག་ལ་རང་སྲེག་ངོ་རྒོལ་བ་འདས་པོ་ཐུབ་དབང་སྐྱབས་ཀྱི་ཆེད་དུ་སྨན་ལམ་གསུང་དུ་ཕེབས་ཐུབ་ཡོད་པ་རེད།
XS
SM
MD
LG