ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་ལས་སྣེ་༤་ཡུ་རོབ་ཀྱི་ཐོ་གཞུང་དུ་འགོད་དགོས་པའི་འབོད་སྐུལ།


༄༅།། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་འཛམ་གླིང་ཡུ་གུར་རྒྱལ་ཡོངས་ཚོགས་པ་བཅས་ཀྱིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དང་རྡོག་རོལ་བཏང་བར་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་བའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་བཞིའི་མིང་ཐོ་དེ་དག་ཡུ་རོབ་མཉམ་འབྲེལ་གྱི་ཐོ་གཞུང་དུ་འགོད་དགོས་པར་མ་ཟད། རྒྱ་ནག་གི་དཔོན་རིགས་དེ་ཚོར་ཡུ་རོབ་གླིང་དུ་ཡོད་པའི་མཁར་དངོས་སོགས་འགོག་ཉར་བྱེད་དགོས། ཁོ་ཚོ་ཡུ་རོབ་ལ་ཡོང་མི་ཆོག་པའི་འགྲིམ་འགྲུལ་བཀག་སྡོམ་བྱ་དགོས་ཞེས་སྙན་ཞུ་ཕུལ་ཡོད་པ་སོགས་ཀྱི་སྐོར། ནམ་མཁའ་བསྟན་འཛིན་གྱིས་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་སུ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG