ངོ་འཕྲད་བདེ་བའི་དྲ་འབྲེལ།

དྲུང་ཅིང་གི་ནང་ངོ་རྒོལ་བྱེད་མཁན་སྟོང་ཕྲག་མང་པོ་དང་ཉེན་རྟོག་དཔུང་སྡེ་འཁྲུགས་འཛིངས།


རྒྱ་ནག་གི་དྲུང་ཅིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་ལས་གནས་ནས་གནས་དབྱུངས་བཏང་བ་བྷོ་ཤིལཱེ་ དམག་ཤོག་ཚོགས་པའི་ལས་གནས་གལ་ཆེ་གཞན་ཁག་ནས་ཀྱང་གནས་དབྱུངས་བཏང་བའི་སྐོར་གསལ་བསྒྲགས་བྱས་པའི་རྗེས་སུ་ གྲོང་ཁྱེར་དེའི་ནང་ལ་མི་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་ཏེ་ གཞུང་གི་ཉེན་རྟོག་དཔུང་སྡེ་དང་འཁྲུགས་འཛིངས་བྱས་པའི་གནས་ཚུལ་ཞིག་བྱུང་ཡོད་པ་དང་ འོན་ཀྱང་ གཞུང་གི་མི་སྣ་ཚོས་མང་ཚོགས་ཀྱི་ངོ་རྒོལ་དེ་དང་ བྷོ་ཤིལཱེ་གནས་དབྱུངས་བཏང་བ་གཉིས་འབྲེལ་བ་ཡོག་མ་རེད་ཅེས་བརྗོད་ཀྱི་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG