ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

གདུང་སེམས་མཉམ་སྐྱེད་ཀྱི་མི་ཚོགས།


བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་བསང་ཁོང་ཡུལ་ཚོ་རུ་བོད་མི་ན་གཞོན་ཐུབ་དབང་སྐྱབས་ཀྱིས་རང་ལུས་ལ་མེ་སྤར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པའི་སྐབས་འདས་གྲོངས་སུ་གྱུར་ཡོད་པར་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཐག་ཉེའི་ལྷ་སྡེ་ཁག་ལས་གཞན་པའི། མཚོ་སྔོན་ཕྱོགས་སོགས་ནས་ས་ཐག་རིང་པོ་ནས་ཀྱང་བོད་མི་ཧ་ཅང་མང་པོ་གདུང་སེམས་མཉམ་སྐྱེད་བྱེད་པར་འབྱོར་ཡོད་པ་སོགས་བོད་མི་སྟོང་ཕྲག་དྲུག་ལྷག་འཛོམས་ཡོད་འདུག ཐུབ་དབང་སྐྱབས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་བྱེད་པའི་ཉིན་དེར་ཁྱིམ་མཚེས་ཡུལ་ཚོ་ཨ་མཆོག་ས་ཆར་ཡང་ལྷོ་མོ་ཚེ་བརྟན་གྱིས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱི་ཆེད་རང་ལུས་མེར་སྲེག་བཏང་ཡོད་པ་བཅས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG