ཟླ་བ་འདིའི་ཚེས་༨རེས་གཟའ་མིག་དམར་གྱི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ཨ་ཊི་ལེན་ཊའི་ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་མང་ཚོགས་སྟོང་ཕྲག་འགའ་ཤས་ལ་གསུང་བཤད་བསྩལ་གནང་ཡོད་པ་མ་ཟད་ དེ་ཉིན་ཚན་རིག་པ་དང་ ཉམས་ཞིབ་པ་ཁག་ཅིག་གིས་རང་རང་གིས་ཉམས་ཞིབ་བྱས་པའི་ལས་དོན་རྣམས་༧གོང་ས་མཆོག་ལ་སྙན་སེང་ཞུས་ཏེ་བགྲོ་གླེང་ལྷན་ཚོགས་ཤིག་ཀྱང་གནང་ཡོད་པ་བཅས་ཀྱི་སྐོར་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་ཞུས་པའི་གནས་ཚུལ་ཞིག་གསན་གྱི་རེད།