ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་ཇིའི་ཝེལ་སི་ས་ཁུལ་གྱི་རྒྱལ་ས་ཁ་ཌེ་ཧྥི་ལ་རང་དབང་ཅན་གྱི་གློག་བརྙན་དུས་སྟོན་ཞིག་ཚུགས་པ་དེའི་སྐབས་སུ་གྲོང་ཁྱེར་དེར་བཞུགས་མཁན་བོད་པའི་བཙུན་པ་བླ་མ་བློ་བཟང་ཞུ་བ་སྟེ། ས་གནས་མི་མང་གིས་དགའ་མོས་ཆེན་པོ་ཞུ་ཡུལ་དེའི་སྐོར་གྱི་གློག་ཞིག་དུས་སྟོན་དེར་གློག་བརྙན་འཐུང་ངུ་སུམ་བརྒྱ་ཙམ་སྟོན་གྱི་ཡོད་པའི་གྲས་ཀྱི་རྩེ་ཕུད་ལྔའི་ནང་གི་ཡག་ཤོས་ཨང་གཉིས་པར་བསླེབས་ཡོད་པ་དང་། སྐར་མ་༡༦་ཅན་གྱི་གློག་བརྙན་དེའི་ནང་དུ་བོད་པ་ནང་པའི་བཙུན་པ་ཞིག་གིས་གཞན་ལ་བྱམས་སེམས་དང་རོགས་རམ་བྱེད་ཀྱི་ཡོད་པའི་གནས་ཚུལ་བསྟན་ཡོད་པ་རེད།།

XS
SM
MD
LG