ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཧིམ་ལ་ཡའི་རི་རྒྱུད་དང་བོད།


ཧིམ་ལ་ཡའི་རི་རྒྱུད་དང་བོད།
ཧིམ་ལ་ཡའི་རི་རྒྱུད་དང་བོད།

བརྙན་འཕྲིན་གཟིགས་ན། (Real Player)

བརྙན་འཕྲིན་གཟིགས་ན། (Windows Media)

དེ་རིང་གི་ཀུན་གླེང་བརྙན་འཕྲིན་གྱི་ལས་རིམ་ནང་དུ་བཙན་བྱོལ་བོད་གཞུང་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་དང་ཨེ་མོ་རི་མཐོ་རིམ་སློབ་གྲའི་དགེ་རྒན་ཆེ་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས། ནིའུ་ཡོག་ནས་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གཅེས་སྐྱོང་ཁང་གི་འཇམ་དབྱངས་རྡོ་རྗེ་ལགས་བཅས་གདན་འདྲེན་ཞུས་ནས་ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་མང་དང་བོད་དབར་ཆོས་དང་རིག་གཞུང་གི་འབྲེལ་བའི་འབྱུང་རབས་དང༌། ད་ལྟའི་གནས་སྟངས་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན།


ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་tibetantiv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།།པདྨ་ཚལ་ལུགས་ཀྱི་བོད་ཡིག་གི་འབྲི་སྲོལ་གསར་པ།

XS
SM
MD
LG