༄༅།། ཨ་མི་རི་ཀའི་ཟས་རིགས་དང་སྨན་རྫས་དོ་དམ་ལས་ཁུངས་ཀྱིས་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དེ་ཛ་དྲག་ཁོ་ནའི་ཆེད་དུ་མིན་པར་རྒྱུན་ལྡན་ལྟར་མི་དམངས་ལ་རྒྱག་ཆོག་པའི་ཆོག་མཆན་ཆ་ཚང་བཀོད་ཡོད་ཅིང་། འདི་ནི་ད་ལྟའི་བར་དུ་འགོག་ཁབ་ལ་ཐེ་ཚོམ་བཟུང་ནས་རྒྱག་གི་མེད་པའི་ཨ་མི་རི་ཀ་བ་ཚོའི་དོགས་པ་སེལ་ཐུབ་པ་དང་སྨན་ཁབ་རྒྱག་རྒྱུའི་གོ་སྐབས་ཤིག་རེད་ཅེས་སྲིད་འཛིན་བྷ་ཌན་གྱིས་ནན་བརྗོད་གནང་འདུག་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།