ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཚོགས་ཆེན་གཉིས་དང་མི་དམངས་ཀྱི་སྙན་ཞུ།


༄༅།། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་གཉིས་ཀྱི་སྔོན་དེར་སྤྱི་དམངས་༣༠༠་ཐམ་པས་ཐུན་མོང་གི་སྙན་ཞུ་ཞིག་ལ་མིང་རྟགས་བཀོད་ནས་སྲིད་གཞུང་གི་ཁྲིམས་གཞི་ཟེར་བ་ཞིག་གཏན་འབེབས་བྱས་ནས་དཔོན་རིགས་ཚོས་ཉེས་མེད་ཉེས་འགེལ་གྱི་གྱོད་གཞི་བཟོས་པ་རྣམས་ལུགས་མཐུན་དྲང་བཞག་གིས་ཡོ་བསྲང་བྱེད་དགོས་པར་མ་ཟད། འབྱུང་འགྱུར་ཉེས་མེད་ཉེས་འགེལ་གྱི་གྱོད་གཞི་ཁག་མུ་མཐུད་དུ་འཐོན་སྲིད་པ་བཀག་འགོག་བྱ་དགོས་ཞེས་རྒྱ་གཞུང་གི་དབང་འཛིན་པ་ཚོར་འབོད་སྐུལ་ཞུས་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG