ངོ་འཕྲད་བདེ་བའི་དྲ་འབྲེལ།

རེས་གཟའ་མིག་དམར་ཉིན་མང་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ལ་སྲིད་འཛིན་ཀྱི་སྐུ་ཟླ་ལྕམ་མི་ཤལ་ ཨོ་བྷ་མས་གཙོས་མང་གཙོ་ཚོགས་པའི་རྒྱལ་ཡོངས་དང་མངའ་སྡེའི་དབུ་ཁྲིད་ཚོས་གཏམ་བཤད་གནང་སྟེ། སྲིད་འཛིན་ཨོ་བྷ་མ་སླར་ཡང་སྲིད་འཛིན་ལ་འོས་འདེམས་བྱེད་དགོས་པའི་གནད་འགག་གསལ་བཤད་གནང་བ་དང་ཆབས་ཅིག བེུད་དང་ཧིསི་པ་ནི་མི་རིགས་ཚོའི་འོས་ཤོག་ཐོབ་ཐབས་ལ་དམིགས་ཚད་བཟུང་འདུག་པའི་སྐོར། ཚོགས་ཆེན་ཚོགས་ཡུལ་ཤར་ལོཊ་གྲོང་ཁྱེར་ནས་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཇིམ་ མེ་ལོན་གྱིས་བཏང་བའི་གནས་ཚུལ་དེ་རྣམ་རྒྱལ་ཤཱསྟྲིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG