ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གི་བདེན་བཞི་བདེན་གཉིས་ཀྱི་གསུང་ཆོས།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིའི་ནང་པའི་ཆོས་ཚོགས་ཀྱི་དབུ་ཁྲིད་རྣམས་གཙོས་ཚོགས་མི་རྣམས་ལ་བདེན་བཞི་བདེན་གཉིས་ཀྱི་གསུང་ཆོས་སྩལ། དེའི་སྔོན་ལ་ཨི་ཊ་ལིར་རྟེན་གཞིས་བྱས་པའི་ནང་པའི་ཆོས་ཚོགས་ཐུན་མོང་གི་ཚོགས་གཙོ་ཧྥི་ལི་པོ་སི་ཡ་ནས་སངས་རྒྱས་ཆོས་ལུགས་ཀྱི་སྙིང་པོ་དང་རྩ་བ་ནི་བདེན་པ་བཞི་དང་བདེན་པ་གཉིས་ལ་ཐུག་ཡོད་ཅིང་། ཐེངས་འདིར་དད་ལྡན་པ་ཚོས་༧གོང་ས་མཆོག་ལ་བདེན་བཞི་བདེན་གཉིས་ཀྱི་གསུང་ཆོས་སྩལ་གནང་ཡོང་བའི་གསོལ་བ་བཏབ་པ་ཇི་བཞིན་ཞལ་བཞེས་མཛད་པར་བཀའ་དྲིན་བློ་ལྷག་ཏུ་ཆེ་ཞེས་ཞུས། ༧གོང་མཆོག་གིས་འཛམ་བུ་གླིང་གི་ཆོས་ལུགས་ཚང་མས་བྱམས་པ་དང་སྙིང་རྗེ་གཙོ་བོར་བཟུང་བའི་བསླབ་བྱ་བསྐྱོན་གྱི་ཡོད་ཀྱང་ལྟ་གྲུབ་ཀྱི་ཆ་ནས་མ་འདྲ་བ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་ཡུལ་ཝ་ར་ཎ་སིར་ཆོས་འཁོར་དང་པོ་མ་བསྐོར་སྔོན་ལ་

༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིའི་ནང་པའི་ཆོས་ཚོགས་ཀྱི་དབུ་ཁྲིད་རྣམས་གཙོས་ཚོགས་མི་རྣམས་ལ་བདེན་བཞི་བདེན་གཉིས་ཀྱི་གསུང་ཆོས་སྩལ། དེའི་སྔོན་ལ་ཨི་ཊ་ལིར་རྟེན་གཞིས་བྱས་པའི་ནང་པའི་ཆོས་ཚོགས་ཐུན་མོང་གི་ཚོགས་གཙོ་ཧྥི་ལི་པོ་སི་ཡ་ནས་སངས་རྒྱས་ཆོས་ལུགས་ཀྱི་སྙིང་པོ་དང་རྩ་བ་ནི་བདེན་པ་བཞི་དང་བདེན་པ་གཉིས་ལ་ཐུག་ཡོད་ཅིང་། ཐེངས་འདིར་དད་ལྡན་པ་ཚོས་༧གོང་ས་མཆོག་ལ་བདེན་བཞི་བདེན་གཉིས་ཀྱི་གསུང་ཆོས་སྩལ་གནང་ཡོང་བའི་གསོལ་བ་བཏབ་པ་ཇི་བཞིན་ཞལ་བཞེས་མཛད་པར་བཀའ་དྲིན་བློ་ལྷག་ཏུ་ཆེ་ཞེས་ཞུས། ༧གོང་མཆོག་གིས་འཛམ་བུ་གླིང་གི་ཆོས་ལུགས་ཚང་མས་བྱམས་པ་དང་སྙིང་རྗེ་གཙོ་བོར་བཟུང་བའི་བསླབ་བྱ་བསྐྱོན་གྱི་ཡོད་ཀྱང་ལྟ་གྲུབ་ཀྱི་ཆ་ནས་མ་འདྲ་བ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་ཡུལ་ཝ་ར་ཎ་སིར་ཆོས་འཁོར་དང་པོ་མ་བསྐོར་སྔོན་ལ་ཉམས་བཞེས་མཛད་པ་རྣམས་དང་བདེན་པ་བཞི་ནས་བརྩམས་པའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར། དེ་ནས་ཆོས་འཁོར་གཉིས་པ་དང་ཆོས་འཁོར་གསུམ་པ་བཅས་བསྐོར་བའི་རིམ་པ་ཁག་མཚམས་སྦྱོང་གནང་སྟེ་བདེན་བཞི་དང་བདེན་གཉིས་ཀྱི་དགོངས་དོན་སྙིང་བསྡུས་ཤིག་གསུངས་སོང་།།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ནཱ་ལེནྡྲའི་གཞུང་ལས་གསུངས་པའི་དབུ་མ་དང་ཚད་མའི་གཞུང་རྣམས་རིགས་པ་དང་རྒྱུ་མཚན་ལ་བརྟེན་ནས་གསུངས་ཡོད་པས་སངས་རྒྱས་པའི་ལྟ་གྲུབ་དེ་ཉིད་དེང་རབས་ཀྱི་ཚན་རིག་པས་ཀྱང་ཐུགས་སྣང་གནང་ས་ཞིག་ཏུ་གྱུར་ཡོད། ནང་པའི་དད་ལྡན་པ་ཚོས་བློ་རིགས་དང་རྟགས་རིགས་ནས་མགོ་བརྩམས་ཏེ་སློབ་གཉེར་གནང་ཐུབ་ན་ཡག་པོ་ཡོད་ཅེས་ལམ་སྟོན་མཛད། དེའི་རྗེས་སུ་ཆོས་ཚོགས་ཀྱི་གཙོ་འཛིན་དང་ཚོགས་མི་རྣམས་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་སྩལ། ཆོས་ཞུ་བ་ཚོས་སྔོན་ཆད་ཨེ་ཤི་ཡའི་ཕྱོགས་སུ་དར་ཁྱབ་བྱུང་བའི་ནང་ཆོས་དེ་ཉིད་ད་ལྟ་ཡུ་རོབ་གླིང་དུ་ཆོས་གསར་པ་ཞིག་ཡིན་པས་ཉམས་སུ་ལེན་བྱེད་ཕྱོགས་སོགས་ལ་ལམ་སྟོན་གནང་རོགས་ཞེས་ཞུས་པར་༧གོང་ས་མཆོག་གིས་བོད་ལ་སྔ་མོ་ནང་ཆོས་མ་དར་གོང་དུ་བོན་ཆོས་དར་ཡོད། རིམ་བཞིན་དེ་ལ་འགྱུར་བ་ཕྱིན་པའི་ལོ་རྒྱུས་རྣམས་ཞིབ་ཕྲ་ངོ་སྤྲོད་དང་གཙོ་བོ་ཆོས་ལུགས་གང་ལ་དད་མོས་བྱེད་མིན་ནི་དོ་བདག་གི་ཁམས་དང་མོས་པར་རག་ལས་པ་ཅེས་གསུངས།།

ཆོས་ཞུ་བ་ཚོས་༧གོང་ས་མཆོག་ལ་དེང་དུས་ཀྱི་ནང་པ་ཞིག་ལ་འདུལ་བའི་བསླབ་པ་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཉམས་སུ་ལེན་རྒྱུ་ཅི་ཞིག་ཡོད་མེད། བདེན་འཛིན་ལ་བརྟེན་ནས་ཡུལ་ལ་ཆགས་སྡང་སྐྱེས་ཚུལ་དང་ནང་ཆོས་དང་ཚན་རིག་གི་འབྲེལ་བ་ལ་སོགས་གནད་དོན་ཁག་ཅིག་ལ་བཀའ་འདྲི་ཞུས། བཙུན་པ་ཞིག་གིས་འབྱུང་འགྱུར་གྱི་ལོ་༥༠་ནང་དུ་ནང་ཆོས་ཀྱི་གནས་བབ་གང་འདྲ་ཞིག་ལ་འགྱུར་སྲིད་མིན་བཀའ་འདྲི་ཞུས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་དུས་སྐབས་སུ་ཚན་རིག་པ་ཚོས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ནང་དུ་སའ་གོ་ལའི་ཚ་དྲོད་རྒྱས་ནས་འཛམ་གླིང་འདི་གནས་ཐུབ་མིན་ལ་བློ་འཚབ་བྱེད་བཞིན་ཡོད་པའི་གནས་ཚུལ་སོགས་སྤྲོས་ཏེ་མགོན་པོ་གང་ཉིད་ཀྱི་དགོངས་ཚུལ་རྣམས་གསུངས།།

མཛད་རིམ་སྔོན་ནས་བསྒྲིགས་ཡོད་པ་ཁག་གྲུབ་པའི་རྗེས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་དུ་བྱ་བའི་གདུལ་བྱ་ཚོར་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་འབོགས་ཆོག་གནང་བར་མ་ཟད། དེ་རིང་གི་མཛད་རིམ་སྐབས་སུ་༧གོང་ས་མཆོག་གིས་མཛད་པའི་ཚན་རིག་ཀུན་བཏུས་ཨི་ཊ་ལིའི་སྐད་དུ་བསྒྱུར་ཟིན་པ་དབུ་འབྱེད། ཨི་ཊ་ལིའི་ནང་པའི་ལྷན་ཚོགས་ནི་ཕྱི་ལོ་༡༩༨༥་ལོར་གསར་དུ་ཚུགས། ལྷན་ཚོགས་དེས་ཨི་ཊ་ལིའི་ནང་པའི་ཆོས་ཚོགས་༦༠་ཙམ་ལ་འབྲེལ་མཐུད་བྱས་ཏེ་འཛམ་གླིང་གི་ཤེས་ཡོན་དང་ཁོར་ཡུག་སྲུང་སྐྱོབ། དབུལ་ཕོངས་ལ་རོགས་སྐྱོར་བཅས་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཉམས་བཞེས་མཛད་པ་རྣམས་དང་བདེན་པ་བཞི་ནས་བརྩམས་པའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར། དེ་ནས་ཆོས་འཁོར་གཉིས་པ་དང་ཆོས་འཁོར་གསུམ་པ་བཅས་བསྐོར་བའི་རིམ་པ་ཁག་མཚམས་སྦྱོང་གནང་སྟེ་བདེན་བཞི་དང་བདེན་གཉིས་ཀྱི་དགོངས་དོན་སྙིང་བསྡུས་ཤིག་གསུངས་སོང་།། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ནཱ་ལེནྡྲའི་གཞུང་ལས་གསུངས་པའི་དབུ་མ་དང་ཚད་མའི་གཞུང་རྣམས་རིགས་པ་དང་རྒྱུ་མཚན་ལ་བརྟེན་ནས་གསུངས་ཡོད་པས་སངས་རྒྱས་པའི་ལྟ་གྲུབ་དེ་ཉིད་དེང་རབས་ཀྱི་ཚན་རིག་པས་ཀྱང་ཐུགས་སྣང་གནང་ས་ཞིག་ཏུ་གྱུར་ཡོད། ནང་པའི་དད་ལྡན་པ་ཚོས་བློ་རིགས་དང་རྟགས་རིགས་ནས་མགོ་བརྩམས་ཏེ་སློབ་གཉེར་གནང་ཐུབ་ན་ཡག་པོ་ཡོད་ཅེས་ལམ་སྟོན་མཛད། དེའི་རྗེས་སུ་ཆོས་ཚོགས་ཀྱི་གཙོ་འཛིན་དང་ཚོགས་མི་རྣམས་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་སྩལ། ཆོས་ཞུ་བ་ཚོས་སྔོན་ཆད་ཨེ་ཤི་ཡའི་ཕྱོགས་སུ་དར་ཁྱབ་བྱུང་བའི་ནང་ཆོས་དེ་ཉིད་ད་ལྟ་ཡུ་རོབ་གླིང་དུ་ཆོས་གསར་པ་ཞིག་ཡིན་པས་ཉམས་སུ་ལེན་བྱེད་ཕྱོགས་སོགས་ལ་ལམ་སྟོན་གནང་རོགས་ཞེས་ཞུས་པར་༧གོང་ས་མཆོག་གིས་བོད་ལ་སྔ་མོ་ནང་ཆོས་མ་དར་གོང་དུ་བོན་ཆོས་དར་ཡོད། རིམ་བཞིན་དེ་ལ་འགྱུར་བ་ཕྱིན་པའི་ལོ་རྒྱུས་རྣམས་ཞིབ་ཕྲ་ངོ་སྤྲོད་དང་གཙོ་བོ་ཆོས་ལུགས་གང་ལ་དད་མོས་བྱེད་མིན་ནི་དོ་བདག་གི་ཁམས་དང་མོས་པར་རག་ལས་པ་ཅེས་གསུངས།། ཆོས་ཞུ་བ་ཚོས་༧གོང་ས་མཆོག་ལ་དེང་དུས་ཀྱི་ནང་པ་ཞིག་ལ་འདུལ་བའི་བསླབ་པ་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཉམས་སུ་ལེན་རྒྱུ་ཅི་ཞིག་ཡོད་མེད། བདེན་འཛིན་ལ་བརྟེན་ནས་ཡུལ་ལ་ཆགས་སྡང་སྐྱེས་ཚུལ་དང་ནང་ཆོས་དང་ཚན་རིག་གི་འབྲེལ་བ་ལ་སོགས་གནད་དོན་ཁག་ཅིག་ལ་བཀའ་འདྲི་ཞུས། བཙུན་པ་ཞིག་གིས་འབྱུང་འགྱུར་གྱི་ལོ་༥༠་ནང་དུ་ནང་ཆོས་ཀྱི་གནས་བབ་གང་འདྲ་ཞིག་ལ་འགྱུར་སྲིད་མིན་བཀའ་འདྲི་ཞུས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་དུས་སྐབས་སུ་ཚན་རིག་པ་ཚོས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ནང་དུ་སའ་གོ་ལའི་ཚ་དྲོད་རྒྱས་ནས་འཛམ་གླིང་འདི་གནས་ཐུབ་མིན་ལ་བློ་འཚབ་བྱེད་བཞིན་ཡོད་པའི་གནས་ཚུལ་སོགས་སྤྲོས་ཏེ་མགོན་པོ་གང་ཉིད་ཀྱི་དགོངས་ཚུལ་རྣམས་གསུངས།། མཛད་རིམ་སྔོན་ནས་བསྒྲིགས་ཡོད་པ་ཁག་གྲུབ་པའི་རྗེས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་དུ་བྱ་བའི་གདུལ་བྱ་ཚོར་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་འབོགས་ཆོག་གནང་བར་མ་ཟད། དེ་རིང་གི་མཛད་རིམ་སྐབས་སུ་༧གོང་ས་མཆོག་གིས་མཛད་པའི་ཚན་རིག་ཀུན་བཏུས་ཨི་ཊ་ལིའི་སྐད་དུ་བསྒྱུར་ཟིན་པ་དབུ་འབྱེད། ཨི་ཊ་ལིའི་ནང་པའི་ལྷན་ཚོགས་ནི་ཕྱི་ལོ་༡༩༨༥་ལོར་གསར་དུ་ཚུགས། ལྷན་ཚོགས་དེས་ཨི་ཊ་ལིའི་ནང་པའི་ཆོས་ཚོགས་༦༠་ཙམ་ལ་འབྲེལ་མཐུད་བྱས་ཏེ་འཛམ་གླིང་གི་ཤེས་ཡོན་དང་ཁོར་ཡུག་སྲུང་སྐྱོབ། དབུལ་ཕོངས་ལ་རོགས་སྐྱོར་བཅས་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG