༧གོང་ས་མཆོག་དབུ་བཞུགས་ཐོག་ས་ཡོམ་རྐྱེན་འདས་པའི་ཆེད་མཆོད་སྨོན།
ཕྱི་ཟླ་དང་པོའི་ཚེས་༩ ཉིན་༸གོང་ས་མཆོག་དབུ་བཞུགས་ཐོག་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་སེར་སྐྱ་མང་ཚོགས་སྟོང་ཕྲག་མཉམ་འཛོམས་གནང་སྟེ་དིང་རི་སོགས་སུ་ས་ཡོམ་གྱི་གོད་ཆག་འོག་མི་རྒྱུ་ཟོག་གསུམ་ལ་ཚབས་ཆེའི་གནོད་སྐྱོན་ཕོག་པའི་འདས་སོང་ཡོངས་ཀྱི་ཆེད་དུ་གདུང་ཤུགས་དྲག་པོས་མཆོད་འབུལ་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་འཚོགས་པ་རེད།