ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༥/༢༥

༧གོང་ས་མཆོག་གིས་ཨུ་ཏར་ཁན་མངའ་སྡེར་ངལ་སེལ་རོཊ་དངུལ་གསོལ་སྩལ།


༄༅།། ཕྱི་ཟླ་༡༠་པའི་ཚེས་༢༠་ཉིན་མོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཏར་ཁན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པུ་ཤ་ཀར་སིང་དྷ་མཱིའི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་ནས་མངའ་སྡེ་དེར་ཆུ་ལོག་དང་ས་རུད་བྱུང་སྟེ་མི་༤༧་ལ་སྲོག་སྐྱོན་དང་མི་བརྒྱ་ཕྲག་མང་པོ་རྟེན་ས་མེད་པར་གྱུར་པའི་གནོད་འཚེ་ཚབས་ཆེན་ཕོག་པར་ ཐུགས་གསོ་དང་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ནས་ངལ་སེལ་རོགས་དངུལ་གསོལ་སྩལ་གནང་ཡོད་པར་མ་ཟད། ༧གོང་ས་མཆོག་གིས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་ཉེན་སྐྱོབ་ལས་དོན་སྒྲུབ་ཕྱོགས་ལ་བསྔགས་བརྗོད་གནང་ཡོད་ཅིང་། རྒྱ་གར་གྱི་ཨུ་ཏར་ཁན་མངའ་དེར་བོད་པ་བཙན་བྱོལ་བའི་གཞིས་ཆགས་དོན་གྲུབ་གླིང་དང་བདེ་སྐྱིད་གླིང་། ར་ཇ་པུ་དང་མ་སུ་རི་བོད་ཁྱིམ་སློབ་གྲྭ མ་སུ་རི་གཏན་སློབ་སོགས་ཡོད་ཀྱང་བོད་པ་བཙན་བྱོལ་བ་གནས་འཁོད་ས་གནས་ཁག་ཏུ་ཆུ་ལོག་དང་ས་རུད་ཀྱི་དཀའ་ངལ་གང་ཡང་ཕྲད་མེད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG