ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

པེ་ཅིང་ལ་རྩེད་འགྲན་འཚོགས་རྒྱུ་དེར་ཕྱིར་འཐེན་བྱེད་དགོས་པའི་སྐུལ་ལྕག


༄༅།། དེ་རིང་རེས་གཟའ་མིག་དམར་གྱི་ཉིན་མོར་གྷེ་རི་སིའི་རྒྱལ་ས་ཨེ་ཐེན་སི་གྲོང་ཁྱེར་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་དཔལ་འབར་རྒྱ་ནག་ལ་རྩིས་སྤྲོད་ཀྱི་མཛད་སྒོ་མ་ཚོགས་པའི་ཆུ་ཚོད་བཞིའི་སྔོན་དེར་བོད་པ་དང་ཡུ་གུར་བའི་ཚོགས་པ་ཁག་གིས་གསར་འགོད་ལྷན་ཚོགས་བསྐོངས་ནས་༢༠༢༢་ལོར་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་པར་འཛམ་གླིང་རྒྱལ་ཁབ་ཁག་གི་རྩེད་འགྲན་རུ་ཁག་རྣམས་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱེད་དགོས་ཞེས་སྐུལ་ལྕག་བཏང་ཡོད་པར་མ་ཟད། རྒྱ་ནག་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་རྣམས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་ངོ་རྒོལ་ལས་འགུལ་སྤེལ་འདུག་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་ སྒྲོལ་མས་ཕབ་སྒྱར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG