ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

༧གོང་ས་མཆོག་ནས་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་ལ་རྟེན་འབྲེལ་ཞུས།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་ལ་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་ཕྱི་ཟླ་༤་པའི་ཚེས་༢༥་ཉིན་རྟེན་འབྲེལ་ཞུ་བའི་ཕྱག་བྲིས་ཤིག་སྩལ་འདུག་ཅིང་། དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་༧གོང་ས་མཆོག་གི་གསུང་འཕྲིན་དེར་ཧྥ་རན་སིའི་གཞུང་དང་མི་དམངས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། འཚེ་མེད་ཞི་བ་དང་བྱམས་བརྩེ་གོང་འཕེལ་གྱི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དེས་འཛམ་གླིང་ལ་ཕན་ཐོགས་ཆེན་པོ་འབྱུང་གི་འདུག ངས་ནས་བོད་མི་དམངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ལ་འཚམས་འདྲི་དང་རྟེན་འབྲེལ་ཞུ་རྒྱུ་ཡིན། སྐུ་ཉིད་ནས་ཧྥ་རན་སི་མི་དམངས་ཀྱི་རེ་འདུན་རྣམས་འགྲུབ་ཐུབ་པའི་སྨོན་འདུན་ཡོད་ཅེས་འཁོད་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག་པའི་སྐོར། བཞུགས་སྒར་ནས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG