ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གི་ལྷོ་ཨ་ཧྥི་རི་ཀའི་ཆིབས་སྒྱུར་ཕྱིར་འཐེན།


༧གོང་ས་མཆོག་གི་ལྷོ་ཨ་ཧྥི་རི་ཀའི་ཆིབས་སྒྱུར་ཕྱིར་འཐེན།

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཧྥི་རི་ཀར་ཆིབས་སྒྱུར་གནང་སྟེ། ལྷོ་ཨ་ཧྥི་རི་ཀའི་ཆོས་དཔོན་ཆེན་མོ་ཌེ་སི་མན་ཐུ་ཐུ་དགུང་ལོ་༨༠་ཐམ་པར་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོར་ཞུགས་རྒྱུ་དང་། རྒྱལ་ཁབ་དེའི་སློབ་ཆེན་ཁག་དང་མང་ཚོགས་ལ་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་སྣ་མང་ཞིག་གོ་སྒྲིག་བྱས་མོད། འོན་ཀྱང་ལྡི་ལི་གསར་པར་བཅའ་སྡོད་ལྷོ་ཨ་ཧྥི་རི་ཀའི་གཞུང་ཚབ་ཁང་གིས་༧གོང་ས་མཆོག་ལ་ཐོངས་མཆན་འབུལ་རྒྱུ་ནར་འགྱངས་བཏང་སྟེ། ད་རིང་གཟའ་མིག་དམར་ཉིན་༧གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀར་ཆིབས་སྒྱུར་གནང་རྒྱུ་ཕྱིར་འཐེན་གནང་ཡོད་ཅིང་། སྐུ་སྒེར་ཡིག་ཚང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ཐེངས་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཧྥི་རི་ཀར་ཆིབས་སྒྱུར་གནང་མ་ཐུབ་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་པ་དང་། ༧གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀར་གདན་འདྲེན་ཞུ་མཁན་སྦྱིན་བདག་རྣམ་པ་དང་འབྲེལ་ཡོད་རྣམ་པ། ལྷག་པར་དུ་༧གོང་ས་མཆོག་གི་ཆིབས་སྒྱུར་འདིར་དུས་ཡུན་རིང་པོ་ཞིག་ནས་ངང་སྒུག་བྱེད་ཡོད་པའི་ལྷོ་ཨ་མི་རི་ཀའི་མི་མང་ལ་སྟབས་མ་བདེ་མ་མང་པོ་ཞིག་བྱུང་ཡོད་པ་ཧ་ཅང་ཕངས་པོ་ཞིག་ཡིན། རྩ་བའི་༧གོང་ས་ཏཱ་ལའི་བླ་མ་མཆོག་འཛམ་གླིང་གི་ས་གནས་གང་དུ་ཕེབས་ཀྱང་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་དང་ཆོས་ལུགས་མཐུན་སྒྲིལ། འཛམ་གླིང་ཞི་བདེ་དང་བྱམས་དང་སྙིང་རྗེ་བཅས་ལྷག་པའི་སེམས་སྐྱེད་གསུམ་གཞི་རྩར་བཟུང་ནས་མི་དམངས་ལ་འབྲེལ་ཐུག་གནང་བཞིན་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་མི་དམངས་ལ་འབྲེལ་ཐུག་གནང་བའི་སྐབས་སུ་སྐྱེ་བོ་སྒེར་པ་དང་ཚོགས་སྡེ། སྲིད་གཞུང་སོགས་སུ་འདྲ་ཞིག་ཡིན་རུང་སྟབས་མ་བདེ་བོ་ཞིག་གནང་འདོད་ཡོད་ཅེས་བཀོད་ཡོད་པ་རེད།

XS
SM
MD
LG