ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༦/༠༥/༡༠

༧གོང་ས་མཆོག་དང་སྲིད་སྐྱོང་གིས་བྷ་ཌན་ལ་འཚམས་འདྲི།

Joe Biden with the Dalai Lama in Washington, D.C. in 2003. Photo courtesy of ICT
Joe Biden with the Dalai Lama in Washington, D.C. in 2003. Photo courtesy of ICT

༄༅།། ཕྱི་ཟླ་༡༡་པའི་ཚེས་༨་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་རྣམ་པ་གཉིས་ཀྱིས་སྐུ་ཞབས་བྷ་ཌན་ཨ་རིའི་སྲིད་འཛིན་༤༦་པར་འདེམས་ཐོན་དང་ཀ་མ་ལ་ཧེ་རཱི་སི་སྲིད་འཛིན་གཞོན་པར་འདེམས་ཐོན་བྱུང་སྟེ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་མཛད་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

༧གོང་ས་མཆོག་དང་སྲིད་སྐྱོང་གིས་བྷ་ཌན་ལ་འཚམས་འདྲི།
please wait

No media source currently available

0:00 0:04:12 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


This item is part of
XS
SM
MD
LG