ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྷ་མོའི་ཚོགས་པ་ཁག་དང་དབུ་མའི་ལམ་གྱི་ཚོགས་བཅར་བ་ཚོར་མཇལ་ཁ།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ཟླ་༤་པའི་ཚེས་༧་སྟེ། རེས་གཟའ་ཕུར་བུའི་ཉིན་བོད་ཀྱི་ཞོ་སྟོན་ཐེངས་ ༢༥་པའི་དགའ་སྟོན་ལ་ཞུགས་པའི་ལྷ་མོའི་ཚོགས་པ་ཁག་གི་འཁྲབ་སྟོན་པ་རྣམས་དང་དབུ་མའི་ལམ་གྱི་སྐབས་ལྔ་པའི་ཚོགས་ཆེན་དུ་ཕེབས་པའི་ཚོགས་བཅར་བ་ཚོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་དུ་མཇལ་ཁ་སྩལ་འདུག་ཅིང་། ༧གོང་ས་མཆོག་གིས་ང་ཚོའི་འཐབ་རྩོད་ནི་མི་རབས་གཅིག་གི་སྐད་ཆ་མིན་པར་མི་རིགས་གཅིག་གི་འཐབ་རྩོད་ཡིན་པས་བོད་ཕྲུག་རྣམས་འཚར་ལོངས་ཡག་པོ་ཡོང་ཐུབ་པའི་འབད་བརྩོན་བྱ་དགོས་ཞེས་བཀའ་སློབ་སྩལ་འདུག་པར་མ་ཟད། དབུ་མིའི་ལམ་གྱི་དགོངས་གཞི་ལྟར་ཕྱིན་ན་ང་རང་ཚོར་དགོས་རྒྱུ་དེ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་གི་གནས་བབ་འོག་བོད་མི་རིགས་ཀྱི་སྐད་ཡིག་གཙོས་བོད་པའི་ཆོས་དང་རིག་གཞུང་སོགས་བོད་པ་རང་གིས་བདག་པོ་ཆ་ཚང་བ་ཞིག་རྒྱག་ཐུབ། ང་ཚོ་བོད་པ་ཚོ་བཙན་བྱོལ་བ་ཡིན་བསམས་ནས་སྤོབས་པ་ཞུམ་དགོས་དོན་མེད། དེ་བས་ང་ཚོ་ནི་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་འཛིན་མཁན་ཡིན་བསམས་ནས་སྤོབས་པ་བསྐྱེད་དགོས་ཞེས་ལམ་སྟོན་བཀའ་སློབ་སྩལ་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG