ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༤/༢༩

ཝང་ཏན་གྱིས་བཙུགས་པའི་སློབ་ཆེན་ཐེ་ཝན་ལ་གནས་སྤོར།


༄༅།། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་ལག་ལེན་བསྟར་པའི་རྗེས་སུ་ཧོང་ཀོང་ས་གནས་གཞུང་གིས་ཕྱི་ཕྱོགས་ཀྱི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་དང་ཧོང་ཀོང་ལ་ཡོད་པའི་ཕྱི་རྒྱལ་གྱི་སྡེ་ཚན་ཁག་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་ཅིང་། ༡༩༨༩་ལོར་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་གི་འགོ་ཁྲིད་ཝང་ཏན་གྱིས་བཙུགས་པའི་རྒྱ་ནག་གི་དམངས་གཙོའི་སློབ་ཆེན་ཧོང་ཀོང་ནས་ཐེ་ཝན་ལ་གནས་སྤོར་བྱས་ཡོད་པའི་སྐོར། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG