ངོ་འཕྲད་བདེ་བའི་དྲ་འབྲེལ།

དེ་རིང་སྤྱི་ཟླ་ ༧ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྞ་ཌ་ཀའི་མངའ་སྡེ་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཀྱི་སེར་བྱེས་མཁས་སྙན་གྲྭ་ཚང་དུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་གྲ་རྒྱས་ཤིག་གནང་ཡོད་པ་རེད།

ད་ཐེངས་ཀྱི་འཁྲུངས་སྐར་མཛད་སྒོའི་ཐོག་ ༸ གོང་ས་མཆོག་དབུ་བཞུགས་གནང་ཡོད་པའི་ཐོག་སྐུའི་འཁྲུངས་སྐར་རྟེན་འབྲེལ་ཀྱི་དགའ་སྟོན་མཛད་སྒོ་དེར་གདན་ཞུས་སྐུ་མགྲོན་ཁོངས་སུ་རྒྱ་གར་ལྷོ་ཕྱོགས་ཀརྞ་ཌ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་རྒྱ་གར་གྱི་འབྲེལ་ཡོད་མི་སྣ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་། དེ་བཞིན་གནས་ཡུལ་མངའ་སྡེའི་ཆོས་ལུགས་རིས་མེད་ཀྱི་མི་སྣ་ཁག་ཅིག་བཅས་ཕེབས་ཤིང་། འཁྲུངས་སྐར་གྱི་དགའ་སྟོན་མཛད་སྒོའི་ཐོག་འབྲེལ་ཡོད་ནས་འཚམས་འདྲི་ཞུས་པ་དང་། དམིགས་བསལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་དང་དད་ལྡན་མི་དམངས་ཁྲི་གཉིས་ཙམ་ལ་བཀའ་སློབ་གནང་བའི་ནང་འཁྲུངས་སྐར་ལ་སྲུང་བརྩི་གནང་བའི་སྐབས་ཚང་མས་སེམས་པ་བཟང་པོའི་ཀུན་སློང་ཞིག་འཁྱེར་བ་ཡིན་ན་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་འདི་ཡིན་པ་སོགས་ཀྱི་གལ་ཆེའི་བཀའ་སློབ་ཀྱང་གནང་ཡོད་པ་རེད་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཚང་མས་རྣམ་པ་འདྲ་མིན་ཐོག་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ཉིན་མོར་དགའ་སྟོན་སྲུང་བརྩི་གནང་ཡོད། བོད་ནང་མཚོན་ན་ཡང་དམ་བསྒྲགས་ཀྱི་གནས་སྟངས་འོག་གཞིས་ལུས་བོད་མི་ཚོས་ཀྱང་ཆོས་མཇལ་ལ་ཕེབས་པ་དང་སེམས་ཅན་ཚེ་ཐར ་བཏང་བ། དྲ་ཐོག་ཏུ་སྙན་རྩོམ་སྤེལ་བ་སོགས་གང་ཐུབ་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་ཡོད་འདུག
XS
SM
MD
LG