ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཐེ་ཝན་གྱི་གསར་འགོད་རང་དབང་ལ་གཏོར་བརླག


༄༅།། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཞིག་འགྲེམ་སྤེལ་བྱས་པ་དེར་འཁོད་དོན་ལྟར་ན། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རང་གི་ས་ཐོག་ཏུ་བཅའ་སྡོད་ཐེ་ཝན་གྱི་གསར་འགྱུར་ལས་ཁུངས་ཨ་མ་སོགས་བརྒྱུད་ནས་ཐེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། ཐེ་ཝན་གྱི་གསར་འགོད་པ་ཚོ་རྒྱ་ནག་ལ་ཡོང་བའི་སྐབས་སུ་ཞིབ་བཤེར་ནན་པོ་བྱེད་ཀྱི་འདུག་ཅེས་བཀོད། དབྱེ་ཞིབ་པ་ཚོས་ཐེ་ཝན་ལ་གསར་འགོར་རང་དབང་གི་ཚད་གཞི་མཐོན་པོ་ཡོད་ཀྱང་གསར་འགྱུར་ལ་ཡིད་ཆེས་བྱེད་མཁན་ཉུང་ཉུང་ཡིན་ཞིང་། དེ་ནི་གསར་འགྱུར་གཙོ་བོའི་ནང་དུ་གསར་འགྱུར་རྫུན་མ་སྤེལ་ཏེ་རྒྱ་ནག་གི་ཤུགས་རྐྱེན་ངན་པ་ཐེ་ཝན་ལ་ཁྱབ་ཀྱི་ཡོད་པས་རེད་ཅེས་བསྟན་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG