ངོ་འཕྲད་བདེ་བའི་དྲ་འབྲེལ།

པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི།


དེ་རིང་༢༠༡༣།༤།༢༥ ནི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས ༢༤ ལ་ ཕེབས་པའི་འཁྲུངས་སྐར་ཉིན་མོ་འཁེལ་གྱི་ཡོད་པར་བརྟེན་བོད་མི་མང་པོ་ཞིག་ལ་པཎ་ཆེན་ཡང་སྲིད་དང་ཡབ་ཡུམ་སོགས་སྐུ་ཉེ་རྣམས་ས་ཆ་གང་དུ་བཞུགས་ཡོད་མེད་ཐད་གསལ་བཤད་ཡོང་བའི་ཉིན་མོ་ཞིག་ཆགས་ཡོད་པ་རེད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གི་དབང་འཛིན་པས་བཙན་ཁྲིད་བྱས་ཏེ་ ད་ཆ་ལོ་ངོ་༡༨ འགྲོ་གི་ཡོད་པའི་སྐབས་འདིར་ བཞུགས་སྒར་རྡ་རམ་ས་ལ་དང་རྒྱ་གར་ལྷོ་ཕྱོགས་བྷེ་ཀོབ་བོད་མིའི་གཞི་ཆགས་སུ་ཆོས་སྡེ་བཀྲིས་ལྷུན་པོའི་བླ་སྤྱི་ལྷན་ཁང་བཅས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཁོང་འཕྲལ་དུ་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG