ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐའི་ལན་ཌ་གཞུང་གིས་ཡུ་གུར་བ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་མེད་པ།


ཐའི་ལན་ཌ་གཞུང་གི་ཉེན་རྟོག་པ་ཚོར་ཡུལ་དེའི་ལྷོ་ཕྱོགས་ཁུལ་དུ་འགབ་ཡིབས་བྱས་ཏེ་སྡོད་པའི་མི་གྲངས་༢༠༠ལྷག་ཙམ་ཞིག་རྙེད་སོན་བྱུང་ཡོད་པ་དང་། མི་དེ་དག་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤིང་ཅང་གི་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པའི་རྣམ་པ་ཡོད་སྟབས། ད་ལྟ་ཐའི་ལན་ཌ་གཞུང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་སྲིད་གཞུང་སོགས་ཕྱོགས་མང་པོ་ཞིག་གིས། མི་དེ་རྣམས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱ་རྒྱུ་མེད་པའི་འབོད་བསྐུལ་ནན་པོ་བྱེད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།
XS
SM
MD
LG