ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ལན་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་གཏོང་རྒྱུ་ཕར་འགྱངས།


༄༅།། རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་ཡམས་ཀྱིས་འཛམ་གླིང་ཡོངས་ལ་ཚོང་ལས་དང་འགྲིམ་འགྲུལ། སློབ་གྲྭ་དང་ཡུལ་སྐོར་སྤྲོ་འཆམ་སོགས་ཕྱོགས་གང་ཐད་དུ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་ཅིང་། ན་ནིང་ཕྱི་ཟླ་༤་པ་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་ལའང་དཀའ་ངལ་གཅིག་མཚུངས་ཤིག་ཕྲད་ནས་ཡུལ་སྐོར་འཆམ་པ་རྣམས་འགོག་དགོས་ཐུག་ཡོད་པར་མ་ཟད། ཟླ་བ་འདི་ནས་ཐེ་ལན་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ཆོག་པའི་སྒོ་འབྱེད་བྱ་འཆར་ཡོད་པའང་གནས་སྐབས་རིང་ཕར་འགྱངས་བྱས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG