ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་དྲུག་མཆོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་དྲུག་མཆོད།

༄༅།། ཟླ་༡༢་ཚེས་༩་ཉིན་སིམ་ལའི་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དུ་ཇོ་ནང་བསྟན་པའི་གསལ་བྱེད་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་སྐུ་གཤེགས་ནས་ལོ་༦༦༠་འཁོར་བའི་དྲུག་མཆོད་དང་བཙན་བྱོལ་སྤྱི་ཚོགས་སུ་ནང་ཇོ་ནང་མ་མགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དབུ་བརྙེས་ནས་ལོ་༢༥་འཁོར་བ། སྐབས་དང་པོའི་རྟག་བརྟན་དགེ་བཤེས་ཀྱི་བསླབ་པ་མཐར་སོན་པ་བཅས་དུས་ཆེན་གསུམ་འཛོམས་གྱི་མཛད་སྒོ་ཞིག་ཚོགས་འདུག མཛད་སྒོའི་ཐོག་ཏུ་བོད་ཀྱི་ཆོས་རྒྱུད་ཆེན་པ་བཞི་དང་གཡུ་དྲུང་བོན་གྱི་བླ་ཆེན་རྣམ་པས་བརྙན་ལམ་དུ་གསུང་འཕྲིན་གནང་འདུག་པར་མ་ཟད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐབས་མགོན་ཆེན་པོ་མཆོག་གིས་ཀྱང་འཚམས་འདྲི་གནང་སྟེ་ཀུན་མཁྱེན་དོལ་པོ་པ་ནི་བོད་ཀྱི་མཁས་དབང་དང་ཉམས་ལེན་པ་བསམ་ཀྱི་མི་ཁྱབ་པ་ཞིག་ཡིན་ཞིང་། ཁོང་གིས་དགོངས་པ་བཞེས་ས་གང་ཡིན་པ་དེའི་ཐོག་ཏུ་ཉམས་ལེན་གནང་དགོས་ཞེས་བཀའ་སློབ་སྩལ། ད་ལྟ་ལོ་༢༥་རྗེས་སུ་ཐེངས་དང་པོར་རྟག་བརྟན་མ་དགོན་ནས་དགེ་ཤེས་༨་ཐོན་པ་རྣམས་ལ་ལག་འཁྱེར་ཕུལ་བ་དང་ཇོ་ནང་རྒྱལ་ཚབ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བས་ཇོ་ནང་ལོ་རྒྱུས་སུ་བྱུང་བའི་རྟག་བརྟན་དགེ་ཤེས་ཐེངས་དང་པོ་ཐོན་པ་རྣམས་ལ་འཚམས་འདྲི་ཞུས་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG