ངོ་འཕྲད་བདེ་བའི་དྲ་འབྲེལ།

ནང་སོག་གྲངས་ཉུང་མི་རིགས་ཀྱི་འཐབ་རྩོད།


རྒྱ་ནག་གཞུང་གི་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་འོག་ཏུ་གྲངས་ཉུང་མི་རིགས་ཁག་ཅིག་གིས་དྲག་གནོན་དང་དམ་དྲག་ལ་གདོང་ལེན་བྱེད་བཞིན་པ་ལྟར། ད་ལྟ་ནང་སོག་གྲངས་ཉུང་མི་རིགས་ཀྱི་ནང་དུ་དྲ་རྒྱའི་རང་དབང་ཡོངས་སུ་བཀག་སྡོམ་བྱེད་ཡོད་པ་དང་། ཡང་ལོ་བཅོ་ལྔའི་རིང་རྒྱ་ནག་གི་བཙོན་ཁང་དུ་ལོ་ཉེས་ཆད་ཁུར་ཏེ། ད་ལྟ་གློད་གྲོལ་གྱི་དུས་ཚོད་ཟིན་པ་ཡུན་ཐོན་ལ་ཉེ་བའི་ནང་སོག་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་འཐབ་རྩོད་པ་དང་གསར་འགོད་པ་ཞིག་ལ་རྒྱབ་སྐྱོར་བྱེད་མཁན་ནང་སོག་མི་མང་གི་དགའ་བསུའི་རྣམ་པ་ཕྱི་རུ་སྟོན་མི་ཆོག་པ་སོགས་ཀྱི་གནས་ཚུལ་ཞིག་ཐོན་འདུག་པའི་སྐོར་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG